གླུ་ལེན་དགའ་བའི་བུ་མོ་གཡང་འཛོམས་སྒྲོལ་མ།

རྩོམ་པ་པོ།   སྒྲོལ་མ་ལྷ་མཚོ།  ཡིག་བསྒྱུར།       དུས་ཚོད།   2013-07-02   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་དྲ་བ།


       ཉིན་ཞིག་ངས་གྲོགས་པོ་ཞིག་གིས་ཁྱིམ་དུ་བོད་རིགས་གླུ་པ་གཡང་འཛོམས་སྒྲོལ་མའི་ཆེད་སྒྲིག་སྟོན་བཞིན་པར་མཐོང་བྱུང་། ཁོའི་སྙན་འཇེབས་ལྡན་པའི་གཞས་གདངས་ཀྱིས་ངའི་ཡིད་དབང་འཕྲོག་པ་རེད།

       གནམ་གཤིས་ཡག་ཅིང་ཚར་གྲང་མཉམ་པའི་ཉིན་གོང་ཞིག་ཏུ། ངས་ཀླུ་ཆུ་གླིང་གའི་ཆུ་འགྲམ་གཡང་འཛོམས་སྒྲོལ་མ་དང་འཕྲད་པ། ཁ་བརྡ་བྱེད་པའི་སྐབས་སུ་ངས་ཤེས་གསལ་བྱུང་དོན། གཡང་འཛོམས་སྒྲོལ་མ་ནི་བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླ་རྫོང་སྣེ་ལེན་གཞུང་ལས་ཁང་དུ་ལས་ཀ་བྱེད་པའི་བུ་མོ་ཞིག་ཡིན་ལ། ཁོའི་བོད་སྐད་ཆེད་སྒྲིག《ཕ་ཡུལ་སེམས་ཀྱི་ཉི་ཟླ་》དེ་ཆེད་སྒྲིག་དང་པོ་ཡིན། སེམས་ཀྱི་ཉི་ཟླ་རྫོང་སྣེ་ལེན་གཞུང་ལས་ཁང་དུ་མ་སླེབས་གོང་། ཁོས་བདེ་ཆེན་མི་རིགས་སྟེགས་བུ་ཆེན་པོའི་འཁྲབ་སྟོན་ཁང་དུ་གླུ་པ་ལོ་གསུམ་བཞི་བྱས་ནས་འཚོ་བ་སྐྱེལ་བ། འཚོ་བའི་ཁོར་ཡུག་དང་ཁྱིམ་མིའི་ཤུགས་རྐྱེན་ཐེབས་པའི་ཕྱིར་ལོ་ཆུང་ངུའི་དུས་ནས་བཟུང་ཁོས་གླུ་དབྱངས་ལ་ཧ་ཅང་དགའ་པོ་ཡོད་པ་རེད། ཁོས་བཤད་པ་ལྟར་གླུ་དབྱངས་ནི་ཁོའི་མི་ཚེའི་ནང་དུ་མེད་དུ་མི་རུང་བ་ཞིག་ཡིན། གཡང་འཛོམས་སྒྲོལ་མས་བོད་ཡིག་མང་པོ་ཞིག་སྦྱང་མྱོང་མེད་མོད། འོན་ཀྱང་ཁོ་ལ་བོད་ཁུལ་གཞན་གྱི་གྲོགས་པོ་མང་པོ་ཡོད་པས། ཁོས་འབད་བརྩོན་ལྷོན་མེད་ཀྱིས་གྲོགས་པོ་རྣམས་ལ་ས་གནས་ཁག་གི་བོད་སྐད་སྦྱང་པ་དང་བོད་ཡིག་ཀློག་སྟངས་ཀྱང་སྦྱང་བ་རེད། ཁོས་བཤད་པ་ལྟར་ཐེངས་འདིའི་ཆེད་སྒྲིག་ནང་དུ་བོད་ལྗོངས་དང་། ཨ་མདོ་ས་ཁུལ། བདེ་ཆེན་གྱི་པི་ཝང་སོགས་ཀྱི་གླུ་དབྱངས་རྒྱུ་ཆ་ལ་དེང་རབས་རོལ་དབྱངས་ཀྱང་མཉམ་འདྲེས་བྱེད་ཡོད་པ་རེད། ལོ་གཅིག་ལྷག་གིས་གྲ་སྒྲིག་དང་བཟོ་སྐྲུན་བྱས་རྗེས་ཁོའི་ཕ་སྐད་ཆེད་སྒྲིག་དང་པོ་སྟེ《ཕ་ཡུལ་སེམས་ཀྱི་ཉི་ཟླ》དེ་དངོས་སུ་ཐོན་ཡོད་པ་རེད།