ལྷ་གྲུ་ཨང་བཅུ་པས་ལས་འགན་ཕུན་སུམ་ཚོགས་པོའི་ངང་བསྒྲུབས་ནས་བདེ་བླག་ངང་ཕྱིར་ལོག་བྱས་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2013-07-02   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་གསར་འགྱུར་དྲ་ཚུགས།


        ཟླ་6ཚེས་26ཉིན་ལྷ་གྲུ་ཨང་བཅུ་པའི་མི་བཞུགས་འཕུར་གྲུའི་ཕྱིར་ལོག་གྲུ་ཚང་ནང་སོག་གི་བབས་ཡུལ་གཙོ་བོར་བདེ་བླག་ངང་ས་ཐོག་ཏུ་བབས་ཤིང་། འཕུར་སྐྱོད་པ་གསུམ་པོའི་གཟུགས་གཞིའི་གནས་ཚུལ་ཡག་པོ་ཡོད་པ་རེད།སུམ་རྩེན་ཨང་དང་པོ་དང་ལྷ་གྲུ་ཨང་བཅུ་པའི་མི་བཞུགས་འདུས་མཐུད་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་བ།