རྩོམ་པ་པོ།   ཆོས་ལྡན།  ཡིག་བསྒྱུར།       དུས་ཚོད།   2013-07-03   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་དྲ་བ།
ཡུན་ནན་ནང་བསྟན་སློབ་གླིང་བདེ་ཆེན་བོད་བརྒྱུད་ཡན་ལག་གླིང་གི་སློབ་མས 《བདེ་ཆེན་བོད་ཡིག་ཚགས་པར》 ཀློག་བཞིན་པ། 《བདེ་ཆེན་བོད་ཡིག་ཚགས་པར》 དེ་སྤྱི་ལོ་ 1995 ལོར་གཉེར་འགོ་ཚུགས་པ་ནས་མིག་སྔའི་བར་འདོན་ཐེངས་ 400 ལྷག་དང་པར་ངོས་ 1600 ལྷག་པར་བསྐྲུན་འགྲེམས་སྤེལ་བྱས་ཡོད་པ་དང་ལོ་རེར་ཚགས་པར་ཁྲི་ 24 ལྷག་འགྲེམས་སྤེལ་བྱེད་ཀྱི་ཡོད་ལ།རིན་པ་མི་ལེན་པར་ཁུལ་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་དགོན་སྡེ་ 24 ་དང་བོད་ཡིག་སློབ་ཁྲིད་བྱེད་པའི་སློབ་གྲྭ་འབྲིང་ཆུང་།རང་ཁུལ་གྱི་ཏང་ཨུ་སྲིད་གཞུང་དང་།དམངས་ཆེན།སྲིད་གྲོས།ནང་བསྟན་མཐུན་ཚོགས།མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་།ཐབས་ཕྱོགས་གཅིག་གྱུར་ལས་ཁུངས།ཁུལ་ཨུའི་དྲིལ་བསྒྲགས་ལས་ཁུངས།ཆོས་ལུགས་ལས་ཁུངས།བོད་སྐད་རྒྱང་བསྒྲགས་བརྙན་འཕྲིན་ལས་ཁུངས།བོད་རིག་གནས་ཞིབ་འཇུག་ལས་ཁུངས།བོད་སྨན་ཁང་དང་བོད་རིགས་འདུས་སྡོད་གྲོང་སྡེ་སོགས་ལ་འགྲེམས་སྤེལ་བྱེད་ཀྱི་ཡོད་པས།《བོད་ཡིག་ཚགས་པར》ནི་རང་ཁུལ་དང་ཡུན་ནན་ཞིང་ཆེན་གྱི་གལ་ཆེའི་བོད་ཡིག་ཀློག་དངོས་ཤིག་ཏུ་གྱུར་ཡོད།