རྩོམ་པ་པོ།   ཆོས་ལྡན་གྱིས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2013-07-03   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་དྲ་བ།
ཟླ་6པའི་ཚེས་7ཉིན་གྱི་ཉིན་གུང་། ཡུན་ནན་ནང་བསྟན་སློབ་གླིང་བདེ་ཆེན་བོད་བརྒྱུད་ནང་བསྟན་ཡན་ལག་གླིང་གི་སློབ་མ་ཚོས་རང་འདེམས་གུང་ཚིགས་གསོལ་བཞིན་པ། ཡན་ལག་གླིང་གི་འབྲེལ་ཡོད་འགན་འཁུར་བས་ངོས་སྤྲོད་བྱས་དོན། ཡན་ལག་གླིང་འདི་ཡིས་སློབ་འགོ་ཚུགས་པ་ནས་བཟུང་། ཐོག་མཐའ་བར་གསུམ་དུ་སློབ་མའི་འཚོ་བ་ལེགས་སུ་གཏོང་རྒྱུར་དོ་སྣང་བྱས་ཤིང་། སློབ་མ་ཚོ་ལ་གཙང་ཞིང་འཚོ་བཅུད་འདང་བའི་བཟའ་བཅའ་མཁོ་སྤྲོད་བྱ་རྒྱུ་ཁག་ཐེག་བྱས་པས། སློབ་མ་ཚོས་ཡན་ལག་གླིང་དུ་སེམས་བདེ་པོས་སློབ་སྦྱོང་བྱེད་པར་འགན་ལེན་བྱས་པ་རེད། (ཆོས་ལྡན་གྱིས་པར་བླངས་པ་དང་གནས་ཚུལ་བཀོད་པ།)
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་ལ།རང་ཁུལ་གྱིས་དགོན་སྡེའི་གྲྭ་བཙུན་ཆེས་དམའ་འཚོ་བའི་འགན་ལེན་དུ་ཞུགས་པ་དང་རྣམ་པ་གསར་པའི་གྲོང་གསེབ་སྨན་བཅོས་མཉམ་ལས་ཀྱི་ཁྱབ་ཁོངས་སུ་བཀོད་པ།དགོན་སྡེའི་ལམ་བཟོ་བ་དང་གློག་གཏོང་བ།ཆུ་འདྲེན་པ་བཅས་ཀྱི་ལས་གྲྭ་ལག་བསྟར་བྱས་པ།དབུལ་ཕོངས་ཆོས་ལུགས་མི་སྣར་རོགས་སྐྱོར་བྱེད་ཤུགས་ཆེན་རུ་གཏོང་བ་སོགས་བྱས་ནས།དགོན་སྡེའི་རྒྱ་ཆེའི་གྲྭ་བཙུན་ལ་ཆོས་སྒྲུབ་པ་དང་འཚོ་བ་སྐྱེལ་ཡུལ་ལེགས་པོ་ཞིག་བསྐྲུན་པ་རེད།
ཁུལ་ཆོས་ལུགས་ཅུས་ཀྱི་ཅུས་ཀྲང་གཞོན་པ་པེ་ལིན་ཏི་ཡིས་ངོ་སྤྲོད་བྱས་ཚུལ་ལ་གཞིགས་ན།ཁུལ་ཡོངས་ཀྱི་ཐོ་ཁོངས་སུ་ཡོད་པའི་གྲྭ་བཙུན་མི་གྲངས་2430ཀུན་རྣམ་པ་གསར་པའི་གྲོང་གསེབ་སྨན་བཅོས་མཉམ་ལས་ཀྱི་འགན་ལེན་དུ་ཞུགས་ཡོད།གཞན་ཡང་།རང་ཁུལ་གྱིས་ད་དུང་དགོན་སྡེའི་གྲྭ་བཙུན་གྲོང་གསེབ་ཀྱི་ཆེས་དམའ་འཚོ་བའི་འགན་ལེན་དུ་ཞུགས་པའི་ལས་ཀ་སྤེལ་བ་རེད།བདེ་ཆེན་རྫོང་ལ་ཐོ་ཁོངས་སུ་ཡོད་པའི་གྲྭ་བཙུན་མི་གྲངས་855ཡོད་པ་དང་།འབའ་ལུང་རྫོང་གི་བོད་བརྒྱུད་ནང་བསྟན་དགོན་སྡེ་ཡོངས་ཀྱི་གྲྭ་བཙུན་ཀུན་ཆེས་དམའ་འཚོ་བའི་འགན་ལེན་དུ་ཞུགས་ཡོད།སེམས་ཀྱི་ཉི་ཟླ་རྫོང་གིས་ཀྱང་འབྲེལ་ཡོད་གཏན་འབེབས་ལྟར་འགན་ལེན་འོས་པ་ཀུན་འགན་ལེན་དུ་ཞུགས་རྒྱུ་མངོན་འགྱུར་བྱུང་ཡོད།
རང་ཁུལ་གྱིས་ད་དུང་དཀའ་ངལ་ཡོད་པའི་ཆོས་ལུགས་མི་སྣ་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ་རེད།ན་ནིང་ཁུལ་ཆོས་ལུགས་ཅུས་ཀྱིས་སྔ་རྗེས་སུ་ནད་ཕོག་པའི་སྤྲུལ་སྐུ་3་ལ་འཚམས་འདྲིའི་དངུལ་སྒོར་5000གནང་བ་དང་།ལོ་ན་20ལོན་མེད་པའི་སྲིད་གཞུང་གིས་ཆོག་མཆན་བཀོད་ནས་ངོས་འཛིན་བྱས་པའི་སློབ་གྲྭར་མཚན་ཉིད་སྦྱོང་བཞིན་པའི་སྤྲུལ་སྐུའི་ཡང་སྲིད་5ལ་སོ་སོར་སྒོར་3000ཡི་འཚོ་བའི་ཁ་གསབ་རོགས་དངུལ་སྤྲད་པ་རེད།སྲིད་གཞུང་གིས་ངོས་འཛིན་བྱས་པའི་སྤྲུལ་སྐུའི་ཡང་སྲིད་དར་མ་4ལ་སོ་སོར་སྒོར་2000ཡི་འཚམས་འདྲིའི་དངུལ་སྤྲད་པ་རེད།ཡེ་ཤུའི་ཆོས་ལུགས་དང་དབྱི་སི་ལན་ཆོས་ལུགས།གནམ་བདག་ཆོས་ལུགས་ཀྱི་འཐུས་ཚབ་མི་སྣར་འཚམས་འདྲི་བྱས་པ་རེད།
གཞན་ཡང་།རང་ཁུལ་གྱིས་ད་དུང་ཆོས་ལུགས་མི་སྣའི་སྐས་རིམ་ལྟ་བུའི་གསོ་སྐྱོང་བྱེད་པར་ཆ་རྐྱེན་ལེགས་པོ་ཞིག་བསྐྲུན་པ་རེད།ཁུལ་ཡོངས་སུ་སྲིད་གཞུང་གིས་ངོས་འཛིན་བྱས་པའི་སློབ་ལོ་རན་པའི་སྤྲུལ་སྐུ་1་མ་གཏོགས་པར་དེ་གཞན་ཀུན་ཁུལ་ནང་བསྟན་སློབ་གླིང་དུ་སློབ་གཉེར་བྱས་མྱོང་ཡོད། དགོན་སྡེའི“ལམ་གློག་ཆུ་གསུམ”འཛུགས་སྐྲུན་ལས་གྲྭ་ལོ་དུ་མ་སྤེལ་བ་བརྒྱུད་ནས།མིག་སྔར།རང་ཁུལ་གྱི་བོད་བརྒྱུད་ནང་བསྟན་དགོན་སྡེ་23ལ་ཆུ་འདྲེན་ཐུབ་པ་དང་གློག་གཏོང་ཐུབ་པ།བགྲོད་ལམ་ཡོད་པ་བྱ་རྒྱུ་མངོན་འགྱུར་བྱུང་ཡོད་པ་རེད།