ཁུལ་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་དང་གལ་ཆེའི་རྣམ་གྲངས་གཙོ་བོའི་ཆེད་དོན་གྱི་ཚོགས་འདུ་འཚོགས་པ།

རྩོམ་པ་པོ།   ཆོས་ལྡན་གྱིས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2013-07-04   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་དྲ་བ།

        སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བའི་འཕྲིན།  ཟླ 4 པའི་ཚེས་ 16 ཉིན། ཁུལ་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་དང་གལ་ཆེའི་རྣམ་གྲངས་གཙོ་བོའི་ཆེད་དོན་གྱི་ཚོགས་འདུ་འཚོགས་པ།ཚོགས་འདུའི་ལས་འགན་གཙོ་བོ་ནི་ཞིང་ཆེན་ཡོངས་ཀྱི་ 2013 ལོའི་དུས་ཚིགས་དང་པོའི་དཔལ་འབྱོར་གནས་ཚུལ་གྱི་དབྱེ་ཞིབ་ཚོགས་འདུའི་དགོངས་དོན་དོན་འཁྱོལ་མཐར་ཕྱིན་ཏན་ཏིག་བྱེད་པ་དང་མིག་སྔའི་དཔལ་འབྱོར་འཕེལ་རྒྱས་གནས་ཚུལ་ལ་ཤེས་རྒྱུས་ཡང་དག་པ་ལོན་པ།རང་ཁུལ་གྱི་དཔལ་འབྱོར་འཁོར་སྐྱོད་ཐད་གནས་པའི་གནད་དོན་ལ་དབྱེ་ཞིབ་བྱེད་པ།གོམ་གང་མདུན་སྤོས་ཀྱིས་བསམ་བློ་གཅིག་གྱུར་བྱེད་པ་དང་ཡིད་ཆེས་བརྟན་པོར་གཏོང་བ།བྱ་ཐབས་ཇེ་ཡག་ཏུ་གཏོང་བ།དོན་འཁྱོལ་དམ་དུ་གཏོང་བ་བཅས་བྱས་ནས།རང་ཁུལ་ 2013 ལོ་ཡོངས་ཀྱི་དཔལ་འབྱོར་རྣམ་གྲངས་ཁག་གི་ལས་འགན་དམིགས་ཡུལ་བདེ་བླག་ངང་ཡོངས་སུ་སྒྲུབ་པར་ཁག་ཐེག་བྱེད་རྒྱུ་དེ་ཡིན།
        ཁུལ་སྲིད་གཞུང་གི་རྒྱུན་ལས་ཁུལ་གཙོ་གཞོན་པ་ཀྲང་ཀྲེ་ཅུན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ།ཁུལ་མི་དམངས་སྲིད་གཞུང་གི་ཁུལ་གཙོ་གཞོན་པ་ཝང་ཐན་ཞི་དང་ཀྲང་ཅི་ཆིན།སྐོར་གཟིགས་པ་གཞོན་པ་ཕེང་ཀྲེན་ཞང་།ཚའོ་རུའུ་ཀྲུང་།དབྱང་ཧུང་པིང་།དྲུང་ཡིག་ཆེན་མོ་ཨོ་རྒྱན་བསྟན་འཛིན་དང་རང་ཁུལ་གྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བ་ཚོགས་འདུར་ཞུགས་པ་རེད།