རང་ཁུལ་གྱིས་ལས་བྱེད་པ་སྟོང་ཕྲག་གཞི་རིམ་དུ་བསྐྱོད་ནས་མཛེས་པའི་ཞིང་གྲོང་འཛུགས་སྐྲུན་བྱེད་པjསྐུལ་སློང་ཚོགས་ཆེན་འཚོགས་པ།

རྩོམ་པ་པོ།   ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2013-07-04   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་དྲ་བ།

        སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བའི་འཕྲིན།   ཟླ 2 པའི་ཚེས 27 ཉིན།  ཁུལ་ཡོངས་ཀྱི་ལས་བྱེད་པ་སྟོང་ཕྲག་གཞི་རིམ་དུ་བསྐྱོད་ནས་མཛེས་པའི་ཞིང་གྲོང་འཛུགས་སྐྲུན་བྱེད་པར་སྐུལ་སྤེལ་གཏོང་བའི་བྱ་འགུལ་དང་།  གྲོང་གསེབ་གསར་བའི་འཛུགས་སྐྲུན་གྱི་སློབ་སྟོན་པ་གཞི་རིམ་དུ་མངགས་པའི་སྐུལ་སློང་ཚོགས་ཆེན་དེ་ཁུལ་ཨུའི་སྙན་ཞུ་ཁང་ནས་བསྡུས་པ་རེད།  གྲོས་ཚོགས་ཀྱིས་བསྟན་དོན།  གཏིང་ཟབ་ཀྱིས་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་དྲིལ་བསྒྲགས་དང་ལག་ལེན་དོན་འཁྱོལ་བཏང་ནས།   མཛེས་པའི་ཞིང་གྲོང་འཛུགས་སྐྲུན་བྱེད་པའི་གོམ་སྟབས་ཇེ་མགྱོ གས་སུ་གཏོང་དགོས་པ་དང་།  ཏན་ཏིག་གིས་རྒྱལ་ཡོངས་བོད་ཁུལ་གྱི་མཆོང་བསྐྱོད་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པར་སྐས་རིམ་གསར་བ་ཞིག་ཏུ་སྐུལ་སྤེལ་གཏོང་དགོས།  
        ཁུལ་ཨུའི་ཧྲུའུ་ཅི་ཀྲང་ཏེང་ལིའང་གིས་གལ་ཆེའི་གསུང་བཤད་གནང་བ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ།  ཁུལ་གཙོ་ཧོང་ཀྲེང་ཧུང་གིས་ཚོགས་འདུ་གཙོ་སྐྱོང་གནང་།  དབྱང་མིང་ཧྲུའུ་དང་།  མ་ཝུན་ལུང་། ལི་ཚན་ཀོང་། ཏུའུ་ཡུང་ཁྲུན། ལུའུ་ཡུང་མིང་། ཡའོ་ཧྲི་ཀྲུང་།  ཀྲང་ཀྲི་ཅུན།  ཡུས་ཧྲེང་ཞང་།  ནོར་བུ་གཡང་འཛོམས། ལིའུ་ཅ་ཞུན། ཆི་ཅན་ཞིན། ནོར་བུ་ཚེ་རིང་།  སུའུ་ཡུས། ཧོ་ཧྲི་ཚུང་།  དབྱང་ཞུའེ་ལིའང་།  དབྱང་ཧྥེང་ཞི།  ཕུའུ་ལུའུ་ཧྭ། ཁྲེན་ཅུན་མིང་།  ཝང་ཐེན་ཞི། དབྱང་ཀྲེང་དབྱི།         བཀྲ་ཤིས་དོན་གྲུབ།   ལི་ཧྲི་ཆེན།    ཧོ་ཨ་ཧྲོའུ།  ཕེང་ཀྲེན་ཞང་།  ཚའོ་རུའུ་ཀྲུང་།  དབྱང་ཧུང་པིང་།  ཚེ་རིང་ནོར་བུ།   ཡི་ཧྲོའུ་ལེན་བཅས་འགོ་ཁྲིད་ཚོགས་འདུར་ཞུགས་ཡོད། 
        ཀྲང་ཏེང་ལིའང་གིས་བསྟན་དོན།   གཏིང་ཟབ་ཀྱིས་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ལ་སློབ་སྦྱོང་དང་།  དྲིལ་བསྒྲགས།  ལག་ལེན་དོན་འཁྱོལ་བྱས་ནས།  ལས་བྱེད་པ་སྟོང་ཕྲག་གཞི་རིམ་དུ་བསྐྱོད་དེ་མཛེས་པའི་ཞིང་གྲོང་འཛུགས་སྐྲུན་བྱེད་པའི་བྱ་འགུལ་ནི། བཟོ་ལས་ཅན་དང་ཆ་འཕྲིན་ཅན།  གྲོང་ཁྱེར་དང་གྲོང་རྡལ་ཅན།  ཞིང་ལས་དེང་རབས་ཅན་མཉམ་སྐྱོད་ཀྱིས་འཕེལ་རྒྱས་བྱུང་བའི་ནང་རྐྱེན་གྱི་བླང་བྱ་ཡིན།  ང་ཚོས་ཐེངས་འདིའི་བྱ་འགུལ་བརྒྱུད་ནས།  ཏན་ཏིག་གིས་བསམ་བློ་དང་སྤྱོད་ཚུལ་གཉིས་ཀྲུང་དབྱང་དང་ཞིང་ཨུས་བཏོན་པའི་དུས་སྐབས་གསར་བའི་ནང་གི “ཞིང་གསུམ” ལས་ཀའི་ཇུས་གཞི་བཀོད་སྒྲིག་ཐོག་ཡོང་དུ་འཇུག་དགོས།  ཤེས་རིག་དང་སྟོབས་ཤུགས་གཉིས་མཛེས་པའི་ཞིང་གྲོང་འཛུགས་སྐྲུན་བྱེད་པའི་ཐོག་ཏུ་འགྲིལ་བར་བྱས་ནས།  རང་ཁུལ་གྱི་ཞིང་ལས་ཞིང་གྲོང་ལས་ཀ་དེ་སྐས་རིམ་གསར་བར་བསྐྱོད་པར་སྐུལ་སྤེལ་གཏོང་དགོས།  ཐེངས་འདིའི་བྱ་འགུལ་བརྒྱུད་ནས།  མཛེས་པའི་ཞིང་གྲོང་འཛུགས་སྐྲུན་བྱེད་པར་སྐུལ་སྤེལ་གཏོང་བ་དེ་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་གནད་འགག་དུ་བརྩིས་ནས།   ཞིང་ལས་ཇེ་བཟང་དང་།   ཞིང་གྲོང་ལ་ཕན་འདོགས་པ།   ཞིང་པ་ཕྱུག་པོར་གཏོང་བ་སོགས་གལ་ཆེའི་བྱེད་ཐབས་དང་རྨང་གཞིའི་ལས་གྲྭར་བསྒྱུར་ཏེ།   ཚན་རིག་ལྟར་འཆར་འགོད་དང་།  ལུགས་དང་མཐུན་པ།  ས་གནས་ཀྱི་ཁྱད་ཆོས་དང་བསྟུན་པ།  ཏན་ཏིག་གིས་སྐུལ་སྤེལ་བཏང་ནས།  མཛེས་པའི་ཞིང་གྲོང་འཛུགས་པའི་གྲུབ་འབྲས་དངོས་ཀྱི་ཐོག་ནས་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོ གས་སུ་གཏོང་དགོས་པ་མ་ཟད།   དེ་ལས་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་པའི་དམིགས་འབེན་མངོན་འགྱུར་ཡོང་བར་བྱེད་དགོས།   བྱ་འགུལ་འདི་སྤེལ་བ་བརྒྱུད་ནས།   ཁུལ་ཡོངས་སུ་མཛེས་པའི་ཞིང་གྲོང་འཛུགས་པའི་ཚ་རླབས་འཕྱུར་དུ་འཇུག་དགོས་ལ།   རིགས་སོ་སོའི་མང་ཚོགས་ཀྱི་ཁྱིམ་གཞི་སྔར་ལས་མཛེས་སྡུག་ལྡན་པ་དང་།  འཚོ་བ་སྔར་ལས་སྐྱིད་པ།  སྤྱི་ཚོགས་སྔར་ལས་འཆམ་མཐུན་ཡོང་བར་བྱས་ཏེ་མུ་མཐུད་ནས་རིགས་སོ་སོའི་མང་ཚོགས་ཀྱིས་བདེ་སྐྱིད་འཚོ་བར་རེ་སྙེག་དང་རེ་སྨོན་བྱེད་པ་ཡིད་ཚིམ་དུ་འཇུག་དགོས།  
        ཀྲང་ཏེང་ལིའང་གིས་བསྟན་དོན།   ཐེངས་འདིའི་བྱ་འགུལ་གྱི་འོས་འགན་གཙོ་བོ་ནི།  གཏིང་ཟབ་ཀྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་།  ཀྲུང་དབྱང་གི་གྲོང་གསེབ་ལས་ཀའི་གྲོས་ཚོགས།  ཞིང་ཨུའི་སྐབས་དགུ་བའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ།  ཞིང་ཆེན་ཚོགས་འདུ་གཉིས་དང་ཁུལ་གྱི་སྐབས་བདུན་པའི་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས་བྱས་ནས།  ལས་བྱེད་པ་གཏིང་ཟབ་ཀྱིས་དོན་དངོས་དང་།  གཞི་རིམ།  མང་ཚོགས་ཀྱི་ཁྲོད་དུ་ཞུགས་ཏེ།  དྲིལ་བསྒྲགས་དང་།  དོན་འཁྱོལ།  ལེགས་སྒྲིག   སྐྱེ་ཁམས།  ཏང་འཛུགས།  འཆམ་མཐུན་སོགས་དམ་འཛིན་བྱེད་པའི་ཚན་པ་དྲུག་གི་འོས་འགན་གྱི་བླང་བྱ་ལྟར།   གཞི་རིམ་གྱི་ཏང་རྩ་འཛུགས་དང་གཞི་རིམ་ལས་བྱེད་པར་བརྟེན་ནས།  ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་བསྒྲགས་བྱས་ཏེ།  ཞིང་གྲོང་གི་དངོས་གཞིའི་དཀའ་ངལ་དང་གནད་དོན་སེལ་རོགས་བྱེད་པ་དང་།  ཕྱོགས་ཡོངས་ནས་ཞིང་གྲོང་གི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱས་ནས།  ཞིང་གྲོང་གི་རྣམ་པ་བསྒྱུར་བ་དང་།  ཞིང་ལས་ཐོན་ལས་ཅན་གྱི་འཕེལ་རྒྱས་མགྱོ གས་སུ་གཏོང་དགོས། 
        ཀྲང་ཏེང་ལིའང་གིས་བླང་བྱ་བཏོན་དོན།  ལས་ཀའི་རུ་ཁག་གྲོང་གསེབ་ནས་གཞི་ཚུགས་རྗེས།  ཁུལ་ཡོངས་ཀྱི་གཞི་རིམ་ཏང་རྩ་འཛུགས་དང་། ལས་བྱེད་པ།    གྲོང་གསེབ་ཀྱི་ཏང་ཡོན་དང་།  རྒྱ་ཆེའི་མང་ཚོགས་རྩ་འཛུགས་བྱས་ཏེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ལ་སློབ་སྦྱོང་བྱེད་དགོས།   གཙོ་བོ་ཚོགས་ཆེན་བཅོ་བརྒྱད་པའི་སྙན་ཞུ་ལས་བཏོན་པའི “ཞིང་གསུམ” ལས་ཀ་སྤྱིའི་བླང་བྱ་དང་།   གལ་ཆེ་བའི་འོས་འགན།  འཕེལ་རྒྱས་ཀྱི་བསམ་ཕྱོགས་ལ་སློབ་སྦྱོང་བྱེད་དགོས།     ཕྱོགས་ཡོངས་ནས་ཏང་གི་ཚན་པ་ཁག་གི་ཞིང་ཕན་ཞིང་ཕྱུགས་སོགས་ཀྱི་སྲིད་ཇུས་དང་བྱེད་ཐབས་དྲིལ་བསྒྲགས་བྱས་ནས།   བཅོས་བསྒྱུར་སྒོ་འབྱེད་བྱས་ཚུན་བདེ་ཆེན་དུ་བྱུང་བའི་འགྱུར་ལྡོག་ཆེན་པོ་དང་།  དེའི་ཐད་ལ་བླངས་པའི་གྲུབ་འབྲས་ཆེན་པོ།  མང་ཚོགས་ལ་ཐོབ་པའི་ཁེ་ཕན་སོགས་དྲིལ་བསྒྲགས་བྱེད་དགོས།   རིམ་པ་ཁག་གི་ཏང་ཨུ་སྲིད་གཞུང་གི་བཀོད་སྒྲིག་ལ་བརྟེན་ནས།   ཞིང་ཕན་སྲིད་ཇུས་ལག་ལེན་དོན་འཁྱོལ་བྱས་ཏེ།   ལས་བྱེད་པས་ཐད་ཀར་མང་ཚོགས་དང་འབྲེལ་གཏུག་བྱེད་པའི་ལམ་ལུགས་ཀྱི་བླང་བྱ་ལྟར།   རྣམ་གྲངས་དང་མ་དངུལ་ལེགས་སྒྲིག་བྱས་ནས་མང་ཚོགས་ཀྱིས་ཆེས་ཡིད་འཇོག་བྱེད་ས་དང་།   ཆེས་དོན་དངོས་དང་མཐུན་པ།  ཆེས་མཁོ་གལ་ཆེ་བའི་གནད་དོན་ཐག་གཅོད་དགོས།  ཞིང་གྲོང་གི་ཁོར་ཡུག་བཙོག་པ་དང་།  ཟང་ཟིང་དང་།  ཞན་པའི་གནད་དོན་ལ་ དམིགས་ནས།   ཤང་གྲོང་གི་ཁོར་ཡུག་འཕྲོད་བསྟེན་དང་གྲོང་གསེབ་ཀྱི་རྣམ་པ་བསྒྱུར་དགོས།  
        ཀྲང་ཏེང་ལིའང་གིས་བསྟན་དོན།  རིམ་པ་ཁག་གི་སྡེ་ཁག་སོ་སོས་བྱ་འགུལ་གྱི་འགོ་ཁྲིད་ལ་ཤུགས་བསྣན་ནས།   རིམ་པས་རིམ་པ་དམ་འཛིན་དང་།   རིམ་པས་རིམ་པ་འཁྲིད་པ།  རིམ་པ་རེ་རེས་ལག་ལེན་དོན་འཁྱོལ་བྱེད་པའི་རྣམ་པ་བཟང་བོ་བསྐྲུན་དགོས།    འབྲེལ་ཡོད་སྡེ་ཁག་གི་འགན་ནུས་གསལ་ཐག་ཆོད་པ་དང་།  ཕན་ཚུན་བར་རོགས་ལས་བྱས་ནས་བྱ་འགུལ་དེ་བདེ་བླག་ངང་སྤེལ་དགོས།  ལས་བྱེད་མི་སྣས་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་འཆང་བ་དང་།  གཤིས་སྤྱོད་རྣལ་མས་ལས་ཀའི་སྒྲིག་ལམ་བསྲུང་དགོས།   གཞན་ཡང་ཞིང་གྲོང་སློབ་སྟོན་པར་བྱེ་བྲག་གི་བླང་བྱ་བཏོན་པ་རེད།  
        གྲོས་ཚོགས་ཐོག་འབོར་ཐེངས་དྲུག་པའི་གྲོང་གསེབ་གསར་བའི་འཛུགས་སྐྲུན་གྱི་མི་སྒེར་གྱི་ཕུལ་བྱུང་སློབ་སྟོན་པ་དང་།   སྔོན་ཐོན་ལས་ཁུངས།  ཤང་གྲོང་29ཡི་ལས་ཀའི་རུ་ཁག་ལ་གཟེངས་བསྟོད་གནང་བ་རེད།  
        རྫོང་སོ་སོའི་རྫོང་ཨུ་དང་། གསར་སྤེལ་ཆུས།  ཁུལ་རིམ་པ་དང་ཞིང་ཆེན་ཁུལ་སྡོད་ལས་ཁུངས་ཀྱི་འགན་འཁུར་བ།  ཁུལ་རིམ་པའི་གཞི་རིམ་དུ་མངགས་པའི་ལས་ཀའི་རུ་ཁག་གི་ཁོངས་མི་དང་།   གྲོང་གསེབ་གསར་པའི་ཁྲིད་སྟོན་པ་སོགས་གྲོས་ཚོགས་སུ་ཞུགས་ཡོད།