ཁུལ་ཡོངས་ཀྱི་བསམ་བློ་དང་རིག་གནས་དྲིལ་བསྒྲགས་ལས་ཀའི་གྲོས་ཚོགས་འཚོགས་པ།

རྩོམ་པ་པོ།   སྒྲོལ་མ་ལྷ་མཚོས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2013-07-04   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་དྲ་བ།

        སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བའི་འཕྲིན།ཟླ 3 པའི་ཚེས 15 ཉིན་འཚོགས་པའི་ཁུལ་ཡོངས་ཀྱི་བསམ་བློ་དང་རིག་གནས་དྲིལ་བསྒྲགས་ལས་ཀའི་གྲོས་ཚོགས་ཀྱིས་བཏོན་དོན། ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་དོན་འཁྱོལ་བྱེད་པའི་གཙོ་སྐུད་འདི་དང་ཟུང་འབྲེལ་དམ་པོ་བྱེད་པ་དང་། རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲད་རྒྱུ་ཤུགས་ཆེར་གཏོང་བ། གསར་འགྱུར་དྲིལ་བསྒྲགས་ཀྱི་རྩོམ་སྲོལ་སྒྱུར་བ། རིག་གནས་འཛུགས་སྐྱོང་སྤུས་ཚད་མཐོ་རུ་གཏོང་བ་དང་ཕན་འབྲས་འཕར་བ། ཤེས་དཔལ་གསར་གཏོད་ཀྱི་སྤྱོད་ཚུལ་གསར་པ་འདོན་སྤེལ་བྱེད་པ། ཕྱི་ཕྱོགས་ལ་དྲིལ་བསྒྲགས་ཀྱི་རྣམ་པ་གསར་པ་འཛུགས་པ། ཁུལ་ཡོངས་ཀྱི་དཔལ་འབྱོར་གོང་འཕེལ་དང་སྤྱི་ཚོགས་གཏན་འཇགས་ལ་ནུས་པ་ལྡན་པའི་བསམ་བློའི་འགན་སྲུང་དང་། སྙིང་སྟོབས་ཀྱི་འགུལ་ཤུགས། གླེང་ཕྱོགས་ཀྱི་རྒྱབ་སྐྱོར། རིག་གནས་ཀྱི་ཆ་རྐྱེན་སོགས་འདོན་དགོས། 

        ཤེས་གསལ་བྱུང་དོན། ཐེངས་འདིའི་གྲོས་ཚོགས་ཀྱིས་ཏན་ཏིག་ངང་ཁུལ་ཨུའི་འབྲེལ་ཡོད་ཆོད་དོན་ལ་གཞིགས་ནས། གྲོས་ཚོགས་ཀྱི་བྱེད་སྒོ་ལེགས་སྒྲིག་ནན་པོ་བྱས་པ་དང་། གྲོས་ཚོགས་ཀྱི་རྣམ་པ་དང་དུས་ཚོད་བཀོད་སྒྲིག་བྱས་པ། ཉིན་གཉིས་ཀྱི་གྲོས་ཚོགས་དེ་ཉིན་ཕྱེད་ཀྱིས་བསྡུས་པ་མ་ཟད། མེ་ཏོག་མ་གཤོམ་པ་དང་དྲན་རྟེན་མ་སྤྲད་པ། གྲོས་ཚོགས་ཀྱི་ནང་དོན་ཕུན་སུམ་ཚོགས་པ་དང་། སྤུས་ཚད་ཡག་ཅིང་ཕན་འབྲས་མངོན་གསལ་དོད་པོ་ཡིན་པ་རེད།
        ཁུལ་ཨུའི་རྒྱུན་ཨུ་དང་ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ལུའུ་ཡུང་མིང་གིས་གྲོས་ཚོགས་ཐོག་གང་འདྲས་ད་ལོའི་ལས་ཀ་གཙོ་བོ་དམ་འཛིན་བྱེད་པའི་སྐོར་བླང་བྱ་བཏོན་པ། ཁུལ་དཔོན་གཞོན་པ་སུང་ཐའོ་ཡིས་གྲོས་ཚོགས་གཙོ་སྐྱོང་གནང་བ་དང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཧོ་ཧྲི་ཚུང་དང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧོ་ལི་ཕིང་གྲོས་ཚོགས་སུ་ཞུགས་པ་རེད།

        ལུའུ་ཡུང་མིང་གིས་ན་ནིང་བསམ་བློ་དང་རིག་གནས་དྲིལ་བསྒྲགས་ལས་ཀར་ཕྱིར་བལྟས་དང་ཕྱོགས་བསྡོམས་བྱས་པ་དང་། ཁ་གཏད་པའི་ངང་ཚུལ་དབྱེ་ཞིབ་བྱས། ད་ལོའི་བསམ་བློ་དང་རིག་གནས་དྲིལ་བསྒྲགས་ལས་ཀའི་ལས་འགན་བཀོད་སྒྲིག་བྱས་པ། ལུའུ་ཡུང་མིང་གིས་བླང་བྱ་བཏོན་དོན། ཁུལ་ཡོངས་བསམ་བློ་དང་རིག་གནས་དྲིལ་བསྒྲགས་འཐབ་ཕྱོགས་ཀྱིས་ཁ་ཕྱོགས་བདུན་གྱི་ལས་ཀ་གཙོ་བོར་དམ་འཛིན་བྱེད་དགོས། གཅིག་ནི་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲད་པའི་ལས་ཀ་དམ་འཛིན་བྱེད་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་དོན་འཁྱོལ་གཏིང་ཟབ་ཏུ་གཏོང་བ། རྒྱ་ཆེ་བའི་འགོ་ཁྲིད་ལས་བྱེད་པ་ཁྲིད་སྟོན་བྱས་ཏེ་བསམ་བློ་དང་སྤྱོད་ཚུལ་སོགས་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ཐོག་གཅིག་གྱུར་བྱེད་པ་དང་། བློ་གྲོས་དང་སྟོབས་ཤུགས་ཏང་ཨུ་དང་སྲིད་གཞུང་གི་ཐབས་ཇུས་དང་བཀོད་སྒྲིག་ཐོག་གོང་བུར་འགྲིལ་དགོས། གཉིས་ནི་གླེང་ཕྱོགས་ཁྲིད་སྟོན་གྱི་ལས་ཀ་དམ་འཛིན་ཡག་པོ་བྱས་ནས་ཧུར་ཐག་གིས་ཁུལ་ཡོངས་ཀྱི་བཅོས་བསྒྱུར་གོང་འཕེལ་དང་གཏན་འཇགས་ལ་འབད་བརྩོན་ཡར་ཐོན་གྱི་གླེང་ཕྱོགས་ཁོར་ཡུག་འཛུགས་དགོས། གསུམ་ནི་བསམ་པའི་དཔལ་ཡོན་གྱི་འཛུགས་སྐྱོང་ཡག་པོ་བྱས་ནས། མུ་མཐུད་དུ་ཁུལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཔལ་ཡོན་ཆུ་ཚད་ཇེ་མཐོར་གཏོང་དགོས། བཞི་ནི་རིག་གནས་འཛུགས་སྐྱོང་དང་གོང་འཕེལ་དམ་པོ་འཛིན་དགོས། 《རིག་གནས་ལ་བརྟེན་ནས་ཁུལ་དར་སྤེལ་གཏོང་བའི་བྱ་འགུལ་གྱི་རྩ་གནད》 ཏན་ཏིག་གིས་ལག་བསྟར་དོན་འཁྱོལ་བྱས་ནས། རྨང་གཞིའི་སྒྲིག་བཀོད་ཀྱི་འཛུགས་སྐྲུན་དང་། སྤྱི་པའི་རིག་གནས་ཞབས་ཞུ། དངོས་མིན་ཤུལ་བཞག་རིག་རྫས། རྩོམ་རིག་སྒྱུ་རྩལ་གྱི་གསར་རྩོམ། རིག་གནས་ཐོན་ལས་གསོ་སྐྱོང་། རིག་གནས་དང་ཡུལ་སྐོར་ཟུང་འབྲེལ་བྱེད་པ་སོགས་ལ་ལས་ཀ་གཙོ་བོར་འཛིན་ནས་གྲུབ་འབྲས་ཐོན་དགོས། ལྔ་ནི་ཕྱི་ཕྱོགས་ལ་དྲིལ་བསྒྲགས་བྱེད་ཤུགས་ཇེ་ཆེར་བཏང་ནས་མུ་མཐུད་དུ་བདེ་ཆེན་ཁུལ་གྱི་ཤུགས་རྐྱེན་ཐེབས་ཚད་དང་ཡིད་འགུག་པའི་ནུས་པ་མཐོར་གཏོང་དགོས། དྲུག་ནི་གཡུལ་སའི་དོ་དམ་དམ་འཛིན་བྱས་ནས། ཏན་ཏིག་ངང་རིག་གནས་བདེ་འཇགས་དང་བོད་ཁུལ་གྱི་སྤྱི་ཚོགས་གཏན་ལྷིང་འགན་སྲུང་བྱེད་དགོས། བདུན་ནི་སྤྱོད་ཚུལ་འཛུགས་སྐྱོང་དམ་འཛིན་བྱས་ནས། ཧུར་ཐག་གིས་སྤྱོད་ཚུལ་སྒྱུར་བ་དང་། སློབ་སྦྱོང་བྱེད་སྲོལ་དྲང་མོར་ཆགས་པ། རྩོམ་སྲོལ་སྒྱུར་བའི་ཐོག་སྔོན་དུ་འགྲོ་བ་དང་དཔེ་སྟོན་བྱེད་དགོས།
         གྲོས་ཚོགས་ཀྱིས་ཉེ་བའི་ལོ་འགའི་རིང་རང་ཁུལ་དུ་ཐོན་པའི་ཕུལ་བྱུང་རིག་རྩལ་རྩོམ་རིག་ལ་གཟེངས་བསྟོད་བྱས་པ། བསམ་བློ་དང་རིག་གནས་དྲིལ་བསྒྲགས་བྱེད་པའི་ལས་ཁུངས་ཀྱི་འགན་ཁུར་བས་གྲོས་ཚོགས་ཐོག་སྐད་ཆ་བཤད་པ་རེད།