རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2017-04-12   རྩོམ་ཁུངས།   
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས་10ཉིན་མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནོར་ཝེ་ཡི་དབུ་བཞུགས་བློན་ཆེན་སོའར་པེ་ཀེ་དང་མཇལ་འཛོམས་གནང་བ་རེད།
ཞི་ཅིན་ཕིང་གིས་ང་ཚོས་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ཀྱི་ཟུར་ཚད་ཐོག་ནས་ཀྲུང་གོ་དང་ནོར་ཝེ་དབར་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་ཕྱོགས་སྟངས་འཛིན་གང་ལེགས་བྱས་ནས་ཀྲུང་གོ་དང་ནོར་ཝེ་དབར་གྱི་འབྲེལ་བ་ཟམ་མི་ཆད་པར་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་མ་གཏོང་དགོས། ཕྱོགས་གཉིས་པོས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་བ་དང་མཐོ་རིམ་དབར་གྱི་འགྲོ་འོང་ལ་ཤུགས་སྣོན་བརྒྱབ་ནས་ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ཡོང་ཆེད་སྔོན་དཔག་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་འཆར་འགོད་ཡག་པོ་བྱས་ཏེ་རིམ་པ་ཁག་གི་མི་སྣ་འགྲོ་འོང་ཟབ་ཏུ་གཏོང་བ་དང་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་མཐུན་སྦྱོར་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ཕྱོགས་གཉིས་པོས་གཉིས་ཕན་མཉམ་ལས་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་གྱི་གསབ་རེས་རང་བཞིན་ཆེ་བ་དང་མཉམ་ལས་ཀྱི་རྨང་གཞི་ཟབ་པའི་ཆ་རྐྱེན་ལ་བརྟེན་ནས་ཕྱོགས་གཉིས་པོའི་ལེགས་ཆའི་ཁྱབ་ཁོངས་ཀྱི་མཉམ་ལས་ལ་གཙོ་གནད་དུ་སྐུལ་འདེད་གཏོང་དགོས། ནོར་ཝེ་ཡིས་ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་ལེན་ཧུར་ཐག་བྱས་པ་དང་ཨེ་ཤེ་ཡའི་རྨང་གཞིའི་སྒྲིག་བཀོད་ཀྱི་མ་འཇོག་དངུལ་ཁང་སྲོལ་གཏོད་ཁོངས་མིའི་རྒྱལ་ཁབ་ཏུ་གྱུར་ཡོད། ཕྱོགས་གཉིས་པོས“རྒྱུད་གཅིག་ལམ་གཅིག”གི་སྒྲོམ་གཞིའི་ནང་མཉམ་ལས་བྱས་ནས་ཡོ་རོབ་དང་ཨེ་ཤེ་ཡའི་སྐམ་ས་ཆེན་པོའི་སྦྲེལ་མཐུད་སྤེལ་རེས་དང་ཐུན་མོང་གི་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་ཆོག ཀྲུང་གོ་ཕྱོགས་ཀྱིས་ནོར་ཝེ་ཕྱོགས་དང་བྱང་སྣེའི་ཚན་རིག་ཞིབ་འཇུག་དང་། ཐོན་ཁུངས་གསར་སྤེལ། ས་ཁུལ་གྱི་ཁོར་ཡུག་སྲུང་སྐྱོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་ཏུ་བཏང་ནས་བྱང་སྣེ་ས་ཁུལ་གྱི་བརྟན་ལྷིང་སྲུང་སྐྱོང་དང་རྒྱུན་སྲིང་འཕེལ་རྒྱས་ཡོང་བར་སྐུལ་མ་གཏོང་འདོད་ཡོད། ནོར་ཝེ་ཕྱོགས་ཀྱིས་ཀྲུང་གོ་དང་ཡོ་རོབ་བྱང་མའི་དབར་གྱི་མཉམ་ལས་ལ་སྐུལ་མ་གཏོང་ཆེད་དེ་བས་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།