རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2017-04-12   རྩོམ་ཁུངས།   
རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱིས་ཚེས་བཅུ་གཅིག་ཉིན་ཐུར་ཁེ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། སོ་ཏི་ཨ་རབ། ཅོར་ཏན། ཁཱ་ཐར་བཅས་དབུས་ཤར་གྱི་རྒྱལ་ཁབ་ལྔའི་འཐུས་མིས་དབྱི་ཐཱ་ལེའི་ལུའུ་ཁཱ་ནས་གསང་བའི་གྲོས་ཚོགས་བསྡུས་ཏེ། ཞི་བའི་སྒོ་ནས་སི་རི་ཡཱའི་གནད་དོན་ཐག་གཅོད་བྱེད་པར་མཉམ་དུ་གྲོས་བསྡུར་བྱས།
གྲོས་ཚོགས་གྲོལ་རྗེས་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་། དབྱི་ཐཱ་ལེའི་ཕྱི་འབྲེལ་བློན་ཆེན་ཨ་ཨར་ཧྥ་ནོའུ་ཡིས་གྲོས་མོལ་ལ་གྲུབ་འབྲས་བཟང་བོ་ཐོབ་པར་བཤད་པ་དང་། ཆབ་སྲིད་ཀྱི་ཐག་གཅོད་བྱེད་ཐབས་ནི་ཞི་བའི་སྒོ་ནས་སི་རི་ཡཱའི་ཉམས་ཉེན་ཐག་གཅོད་བྱེད་པའི་ཐབས་ལམ་ཉག་ཅིག་ཡིན་པ་བསྐྱར་སྒྲོག་བྱས།
སྒྲོག་སྤེལ་ཚོགས་འདུའི་སྟེང་། ཨ་ཨར་ཧྥ་ནོའུ་ཡིས་བསྟན་དོན། སི་རི་ཡཱའི་ཆབ་སྲིད་བར་བརྒལ་འཕེལ་རིམ་ཁྲོད། ཨུ་རུ་སི་གང་ནུས་ཀྱིས་ཟབ་ཞུགས་བྱས་ཡོད་པས་དེ་ཁེར་རྐྱང་དུ་ཕུད་མི་རུང་བར་བཤད། དོན་དེར་གྲོས་ཚོགས་ལ་ཞུགས་པའི་ཕྱོགས་ཁག་སོ་སོའི་ལྟ་ཚུལ་གཅིག་གྱུར་བྱུང་།
དེ་ལས་གཞན་ཨ་ཨར་ཧྥ་ནོའུ་ཡིས་བསྟན་དོན། ཁོས་ད་རུང་ཚེས་བཅུའི་ཉིན་དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཀྲ་ལི་ཧྥུའུ་དང་མཉམ་དུ་སི་རི་ཡཱའི་ཉམས་ཉེན་ཐག་གཅོད་བྱེད་པ་དང་སི་རི་ཡཱའི་རྫས་འགྱུར་མཚོན་ཆའི་དོན་རྐྱེན་ཐད་ནས་ཁ་པར་གྲོས་མོལ་བྱས་པ་དང་། གྲོས་མོལ་བྱེད་སྐབས་དབྱི་ལིང་གིས་སྔར་ལས་ལྷག་པའི་སྒོ་ནས་རང་སྟེང་གི་ཤུགས་རྐྱེན་འདོན་སྤེལ་བྱས་ཏེ། སི་རི་ཡཱའི་མི་སེར་དཀྱུས་མ་སྔར་ལས་མང་བོར་འཇབ་རྒོལ་ཐེབས་པར་སྔོན་འགོག་བྱེད་པ་དང་། རྫས་འགྱུར་མཚོན་ཆ་རྩ་བ་ནས་མེད་པར་གཏོང་དགོས་པའི་རེ་བ་བཏོན་ཟེར།