ལིས་ཁི་ཆང་གིས་ཨ་མེ་རི་ཁའི་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་ཁང་དང་དམངས་གྲོས་ཁང་གི་གྲོས་མིའི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2017-04-12   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

ཟླ་བཞི་བའི་ཚེས་བཅུ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཨ་མེ་རི་ཁའི་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་ཁང་དང་དམངས་གྲོས་ཁང་གི་གྲོས་མིའི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕེན་དང་ཙུང་ཐུང་ཐི་ལང་ཕུའུ་རྣམ་གཉིས་ཀྱིས་ཐུག་འཕྲད་བྱས་ཏེ་ཐུན་མོང་གི་ལྟ་ཚུལ་གང་མང་བཏོན་པ་དང་། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་ཁ་ཕྱོགས་གསལ་བོ་བསྟན། ང་ཚོས་ཨ་མེ་རི་ཁ་ཕྱོགས་དང་མཉམ་དུ་ཕྱོགས་གཉིས་བར་གྱི་འགྲོ་འོང་དང་གྲོས་མོལ་ལ་ཤུགས་སྣོན་ཞིང་ཕན་ཚུན་ལ་བརྩི་འཇོག་དང་གཉིས་ཕན་མཉམ་ལས་བྱས་ཏེ། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཨ་མེ་རི་ཁ་ཕྱོགས་ཀྱི་གྲོས་མིས་བཤད་རྒྱུར། ཀྲུང་གོའི་འབྲེལ་བ་ནི་ཨ་མེ་རི་ཁའི་ཆེས་གལ་ཆེ་བའི་ཕྱོགས་གཉིས་ཀྱི་འབྲེལ་བ་ཡིན། ཨ་མེ་རི་ཁའི་རྒྱལ་ཚོགས་ཀྱིས་ཀྲུང་གོའི་བར་གྱི་འགྲོ་འོང་ལ་ཤུགས་སྣོན་འདོད་ཡོད་ལ། ཨ་མེ་རི་ཁ་ཕྱོགས་ཀྱི་གྲོས་མི་སྔར་ལས་མང་པོས་ཀྲུང་གོར་འཚམས་འདྲི་བྱས་ཏེ། ཕྱོགས་གཉིས་ཀྱི་མཛའ་མཐུན་བརྗེ་རེས་ཇེ་མང་དུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་གཉིས་ཕན་མཉམ་རྒྱལ་མཉམ་ལས་ཐད་ལ་རྨང་གཞི་བརྟན་པོ་འདིང་བར་རེ་སྒུག་བྱས་ཡོད་ཟེར།