རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2017-04-12   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བ
ཉེ་ཆར། འཛམ་གླིང་བརྙན་ལེན (ཡུལ་སྐོར )ཚོགས་ཆེན་ཐོག་ནས“ཀྲུང་གོའི་བརྙན་ལེན་ཡུལ་སྐོར་གནས་མཆོག་བཅུ”ཡི་མིང་ཐོ་དངོས་སུ་ཁྱབ་བསྒྲགས་བྱས་པ་དང་། རང་ཁུལ་ནི་ཀན་སུའུ་ཞིང་ཆེན་གྱི་དེའི་ནང་བདམས་ཐོན་བྱུང་བའི་ས་ཁུལ་ཉག་གཅིག་ཏུ་གྱུར་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན།“ཀྲུང་གོའི་བརྙན་ལེན་ཡུལ་སྐོར་གནས་མཆོག་བཅུ”ཡི་གྲས་སུ་ཀན་སུའུ་ཞིང་ཆེན་གྱི་ཀན་ལྷོ་ཁུལ་ལས་གཞན། ད་དུང་པེ་ཅིན་དང་བོད་ལྗོངས། ཡུན་ནན། ཁྲེང་ཏེའི་གསེར་གྱི་མུ་འབྲེལ་རི་བོའི་ལྕགས་རི་རིང་པོ། ཀྲང་ཅ་ཅེ། ཅང་ཞི་ཞིང་ཆེན་གྱི་ཝུའུ་ཡོན། པཱ་ཧྲང་རྩྭ་ཐང་། ཀོང་ཞིའི་ཀུའེ་ལིན། སི་ཁྲོན་ཞིང་ཆེན་གྱི་དཀར་མཛེས་བཅས་གཟི་བརྗིད་ལྡན་པའི་ངང“ཀྲུང་གོའི་བརྙན་ལེན་ཡུལ་སྐོར་གནས་མཆོག་བཅུ”ཡི་མིང་ཐོར་ཚུད་པ་རེད། ཐེངས་འདིའི་དཔྱད་འདེམས་ནི་རྒྱལ་ནང་གི་སྒུལ་བདེའི་འབྲེལ་མཐུད་དྲ་རྒྱ་ཆེ་ཤོས་ཀྱི་པར་རིས་སྤྱི་ཚོགས་འབྲེལ་བའི་ལས་སྟེགས་ཏེ་བརྙན་པར་ཞིབ་ལེན (པར་ཕྲན )(A P P)ཞེས་པའི་ཐོག་ནས་ཡོངས་བསྒྲགས་སུ་འོས་སྦྱོར་བྱས་པ་དང་། དྲ་ཐོག་འདེམས་ཤོག་འཕེན་ཐབས་དང་མཁས་པས་དཔྱད་འདེམས་བྱ་ཐབས་ཐོག་ནས་མཉམ་དུ་བདམས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། རང་ཁུལ་ནི་ཀྲུང་གོའི་བོད་རིགས་རང་སྐྱོང་ཁུལ་བཅུའི་ཡ་གྱལ་ཅིག་ཡིན་པ་དང་། དེ་རུ་ཕུན་སུམ་ཚོགས་པའི་རང་བྱུང་ཡུལ་ལྗོངས་དང་མི་ཆོས་ཡུལ་ལྗོངས་ཡོད་པས། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་ནུབ་རྒྱུད་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱིས“ནུབ་རྒྱུད་ཡིད་དབང་འཕྲོག་ཤུགས་ཆེ་ཤོས་ལྡན་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ”དུ་འདེམས་མྱོང་ལ། ཨ་རིའི་དབང་གྲགས་ཆེ་ཤོས་ལྡན་པའི་ཡུལ་སྐོར་གྱི་དུས་དེབ《མཐོང་རྒྱ》ཞེས་པ་དང《ཉེན་བརྟག་མྱུལ་དཔྱད》ཅེས་པས“ཚེ་སྲོག་ལ་རང་དབང་མྱོང་ཚོར་བྱེད་དུ་བཅུག་པའི”འཛམ་གླིང་གི་སྒོ་ཕྱིའི་གནས་མཆོག50ཡི་ཡ་གྱལ་དུ་བདམས་པ་དང་།《ཀྲུང་གོའི་རྒྱལ་ཁབ་ས་ཁམས》ཞེས་པ་དང《དར་སྲོལ་ཆེ་བའི་ཡུལ་སྐོར》ཞེས་པའི་དུས་དེབ་ཀྱིས་མི་རྣམས་མི་ཚེ་གཅིག་ནང་ངེས་པར་འགྲོ་དགོས་པའི་ས་ཆ50”ཡི་ཡ་གྱལ་དུ་བདམས་ཡོད་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མིའི་འཚོ་གནས་ཁོར་ཡུག་འཕེལ་རྒྱས་སྐུལ་སྤེལ་ཚོགས་པ་དང་འཛམ་གླིང་ཀྲུང་གོ་བའི་མཉམ་འབྲེལ་ཚོགས་པས“ཀྲུང་གོའི་མི་རིགས་ཀྱི་ཁྱད་ཆོས་ཆེ་ཤོས་ལྡན་པའི་ཡུལ་སྐོར་དམིགས་ཡུལ་དུ་བདམས་པ་དང་།“ཀྲུང་གོའི་ཡུལ་སྐོར་གནས་མཆོག་མཛེས་ཤོས”སུ་བདམས་པ་རེད། །