ལྷ་སའི་བར་སྐོར་ཚོང་གྲོང་དུ་ཁྲོམ་བཀྱག500བཀོད་སྒྲིག་བྱས་ཏེ་གྲོང་མིས་ལོ་སར་མཁོ་ཆས་ཉོ་སྒྲུབ་ལ་སྟབས་བདེ་སྐྲུན་པ།​

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2017-04-12   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བ།

        བོད་ཀྱི་ལོ་སར་སླེབས་ཉེར་ཡོད་པས་ཚང་མས་ལོ་སར་གྱི་མཁོ་ཆས་ཉོ་སྒྲུབ་བྱེད་བཞིན་ཡོད་པ་དང་།  ཉེ་དུས།  གསར་འགོད་པས་ལྷ་ས་བར་སྐོར་ཚོང་གྲོང་གི་ལོ་སར་མཁོ་ཆས་ཁྲོམ་རར་བསྐྱོད་སྐབས་དེ་གར་ཉོ་ཆ་རྒྱག་མཁན་ཧ་ཅང་མང་པོ་ཡོད།  བར་སྐོར་ཚོང་གྲོང་དོ་དམ་ཁྲུའི་འབྲེལ་ཡོད་འགན་འཁུར་མི་སྣས་གསར་འགོད་པར་སྤྱི་ཟླ1པོའི་ཚེས26ཉིན་ནས་ལོ་སར་མཁོ་ཆས་ཁྲོམ་ར་དངོས་སུ་གཉེར་འགོ་ཚུགས་ཚུན།  ལོ་སར་མཁོ་ཆས་ཉོ་བར་ཡོང་མཁན་ཇེ་མང་དུ་ཕྱིན་པ་དང་དེང་སང་ཉིན་རེར་ཆ་སྙོམས་མི་ཐེངས40000ཙམ་ཟིན་ཡོད་ཅེས་བཤད་པ་རེད།
        ངོ་སྤྲོད་བྱས་པར་གཞིགས་ན།  ད་ལོའི་ལོ་སར་མཁོ་ཆས་ཁྲོམ་རར་ཁྲོམ་བཀྱག500བཀོད་སྒྲིག་བྱས་ཡོད་པ་དང་ཁྲོམ་བཀྱག་དེ་དག་ཤིང་འབྲས་སྐམ་པོ་དང་ཁ་ཟས།  ཕྱེ་མར་འབོ་སོགས་འཚོང་སའི་ཁུལ་མི་འདྲ་བ་གསུམ་ལ་དབྱེས་ཡོད། 
        བར་སྐོར་ཚོང་གྲོང་དོ་དམ་ཁྲུའི་འགན་འཁུར་མི་སྣས།  སྔོན་དཔགས་བྱས་ན་བོད་ཀྱི་ལོ་སར་གོང་གི་གཟའ་འཁོར་གཅིག་རིང་ཉོ་ཆ་རྒྱག་པར་ཡོང་མཁན་མང་ཤོས་ཡིན་པས་ཁྲོམ་ར་དོ་དམ་ཁྲུས་སྔ་སྣུར་དུ་བྱ་ཐབས་ནུས་ལྡན་བཟུང་ནས་ཁྲོམ་རའི་བདེ་འཇགས་འགན་སྲུང་བྱེད་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས།