མཚོ་སྔོན་གྱི་མི་ཁྲི11.6དུས་ལྟར་དབུལ་ཐར་བྱུང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2017-04-12   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བ།

        ཉེ་ལམ། གསར་འགོད་པས་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་མགོ་ཁྲིད་ཚན་ཆུང་གིས་མཚོ་སྔོན་ཞིང་ཆེན་གྱི་དབུལ་སྐྱོར་གྲུབ་འབྲས་ལ་ཞིང་ཆེན་བར་གྱི་ཕན་ཚུན་དཔྱད་ཞིབ་བྱས་པའི་མཇུག་འབྲས་ཡར་ཞུ་བྱེད་པའི་ཚོགས་འདུའི་སྟེང་ནས་རྒྱུས་ལོན་པ་ལྟར་ན། 2016ལོར། མཚོ་སྔོན་ཞིང་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་དབུལ་སྐྱོར་གསར་སྤེལ་འཐབ་ཇུས་ཀྱི་དགོངས་དོན་དང་། མཚོ་སྔོན་ལ་རྟོག་ཞིབ་མཛད་སྐབས་སུ་གནང་བའི“ཏན་ཏན་ཏིག་ཏིག་བཞི”ཡི་བླང་བྱ་གལ་ཆེན་གཉིས་མཛུབ་སྟོན་དུ་བརྩིས་ཏེ། སེམས་ཞིབ་མོས་འཆར་གཞི་བཀོད་ཅིང་གནད་ཁེལ་ཤུགས་འདོན་བྱས་ནས། དབུལ་ཐར་འགག་སྒྲོལ་གྱི་ཐོག་མའི་གཡུལ་འགྱེད་ལ་རྒྱལ་ཁ་བླངས་པ་སྟེ། དབུལ་ཕོངས་རྫོང(སྲིད་འཛིན་ཨུ་ཡོན་ལྷན་ཁང)6གི་དབུལ་ཕོངས་སྡེ་བ404ཡི་དབུལ་ཕོངས་མི་འབོར་ཁྲི11.6དབུལ་ཕོངས་ལས་ཐར་དུ་འཇུག་པའི་ལོ་འཁོར་མོའི་དམིགས་འབེན་ལས་འགན་བདེ་བླག་ངང་ཡོངས་འགྲུབ་བྱས་པས། དབུལ་ཕོངས་སུ་གྱུར་ཚད2015ལོའི་ལོ་མཇུག་གི13.2%ནས10.3%ལ་མར་བབས།
        འདས་པའི་ལོ་གཅིག་གི་རིང་ལ།  མཚོ་སྔོན་ཞིང་ཆེན་གྱིས་གཞུང་ལུགས་ཀྱིས་སྣེ་ཁྲིད་བྱས་ཏེ་དབུལ་ཐར་འགག་སྒྲོལ་བྱེད་པའི་བསམ་བློའི་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་། རིམ་པ་མཐོན་པོ་ནས་སྐུལ་འདེད་བྱས་ཏེ་ཀྲུང་དབྱང་གི་དབུལ་སྐྱོར་གསར་སྤེལ་གྱི་ཇུས་ཆོད་དང་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་བསྟར་བྱས་པ། དོན་དངོས་དང་སྦྲེལ་ཏེ་དབུལ་ཐར་འགག་སྒྲོལ་གྱི་ནང་རྐྱེན་གསར་གཏོད་བྱས་པ། ཕྱོགས་བསྡུས་སྒོས་སྲིད་ཇུས་ལག་བསྟར་བྱས་ཏེ་དབུལ་ཐར་འགག་སྒྲོལ་གྱི་གཙོ་གནད་བཟོ་འགོད་ཤུགས་ཆེན་པོས་ལག་བསྟར་བྱས་པ། མི་འདང་ས་ཁ་གསབ་བྱས་ཏེ་དབུལ་ཕོངས་ས་ཁུལ་གྱི་འཕེལ་རྒྱས་བཀག་རྐྱེན་མེད་པར་བཟོས་པ། ལས་བྱེད་པས“སྣེ་ཁྲིད་པ”རྒྱུན་འཁྱོངས་བྱས་ཏེ་གནད་ཁེལ་གཙང་འདྲེན་གྱི“ཆུ་སྦུག”ཤུགས་ཆེན་པོས་འདིང་བ་བཅས་བྱས། དབུལ་ཐར་འགག་སྒྲོལ་ལ་ཞིང་ཆེན་ཡོངས་ཀྱི་བྱ་བའི་ཁྲོད་དུ་སྔོན་བྱུང་མ་མྱོང་བའི་མཐོང་ཆེན་བྱས་པ་དང་། སྲིད་ཇུས་དང་བྱེད་ཐབས་ཆེས་གོ་ཆོད་པ། སྐུལ་འདེད་བྱེད་པའི་ཤུགས་ཚད་ཆེས་ཆེ་བར་བཏང་།
        2016ལོར། མཚོ་སྔོན་ཞིང་ཆེན་གྱིས“ལོ་ངོ་བཞི་ལ་གཅིག་བསྡུས་ཀྱིས་འགག་སྒྲོལ་བྱེད་པ་དང་ལོ་ངོ་གཅིག་ལ་སྲ་བརྟན་དང་ཇེ་མཐོར་གཏོང་བའི”དམིགས་འབེན་དང་བླང་བྱ་བཏོན་ནས། ཁྱབ་ཁོངས་ཀྱི་ཁྱབ་རྒྱ་ཆེ་ལ་ཕྱོགས་བསྡུས་ཀྱི་རང་བཞིན་དྲག་པ། ཡང་བཅུད་ཀྱི་འདུས་ཚད་མཐོ་བའི“1+8+10”ཡི་དབུལ་ཐར་འགག་སྒྲོལ་གྱི་སྲིད་ཇུས་དང་བྱེད་ཐབས་གཏན་འབེབས་བྱས་ནས་བཏོན་པས། གནད་ཁེལ་སྲིད་ཇུས་ལག་བསྟར་བྱེད་པའི་འགུལ་སྐྱོད་ཐབས་ལམ་གསལ་པོ་བྱས།