རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2017-04-12   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བ།
ཉེ་ལམ་གསར་འགོད་པས་ཉིང་ཁྲི་གྲོང་ཁྱེར་གྱི་ཞིང་ཕྱུགས་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། ཉེ་བའི་ལོ་འགའི་རིང་ལ་ཉིང་ཁྲི་གྲོང་ཁྱེར་གྱི་རོང་འབྲོག་པའི་མཉམ་ལས་ཁང་ལ་འཕེལ་རྒྱས་ཆེན་པོ་བྱུང་ཞིང་། རྩ་འཛུགས་ཚད་ལྡན་ཡིན་ཞིང་། སྣེ་ཁྲིད་ནུས་ཤུགས་ལྡན་པ། འཁོར་སྐྱོད་ཕན་འབྲས་ཅུང་ལེགས་པའི་རོང་འབྲོག་པའི་མཉམ་ལས་ཁང་སྐོར་ཞིག་དར་སྤེལ་བྱུང་སྟེ། གྲོང་ཁྱེར་ཡོངས་ཀྱི་ཞིང་ཕྱུགས་ལས་འཕེལ་རྒྱས་ལ་གསོན་ཤུགས་གསར་བ་བསྐྱེད།
རྒྱུས་ལོན་ལྟར་ན། བྲག་ཡིབ་ཆུས་ཀོང་པོ་ཞིང་བའི་སྐྱེལ་འདྲེན་ཆེད་ལས་མཉམ་ལས་ཁང་དང་། སྤོ་མེས་རྫོང་ཆུ་མདོ་གྲོང་རྡལ་དཔའ་ཁང་གྲོང་ཚོའི་སོན་བཟང་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་སོགས་རོང་འབྲོག་པའི་ཆེད་ལས་མཉམ་ལས་ཁང34ཡི་འཕེལ་རྒྱས་རྣམ་པ་ལེགས་ཤིང་། རོང་འབྲོག་པའི་མི་གཤིས་མཐོར་འདེགས་དང་། རོང་འབྲོག་པའི་ཡོང་སྒོ་འཕར་སྣོན། ཐོན་ལས་སྒྲིག་གཞི་ལེགས་བཅོས། ཞིང་སྡེ་གསར་བའི་འཛུགས་སྐྲུན་བཅས་ཀྱི་ཕྱོགས་ནས་ཆེད་ལས་མཉམ་ལས་ཁང་གི་སྣེ་ཁྲིད་ནུས་ཤུགས་འདོན་སྤེལ་གང་ལེགས་བྱས།
ངོ་སྤྲོད་ལྟར་ན། 2016ལོ་བར་དུ་ཉིང་ཁྲི་གྲོང་ཁྱེར་དུ་བསྡོམས་པས་རིགས་སོ་སོའི་ཞིང་བའི་ཆེད་ལས་མཉམ་ལས་ཁང573ཡོད་པ་དང་། མཉམ་ལས་ཁང་དུ་ཞུགས་པའི་ཁྱིམ་ཚང6725ཡོད་པ་དང་། བསྡོམས་པས་མི18857མཉམ་ལས་ཁང་དུ་ཞུགས་ཡོད། མཉམ་ལས་ཁང་ལ་བརྟེན་ནས་ཁྱིམ་ཚང་རེར་བསྡོམས་པས་ཡོང་སྒོ་སྒོར་ཁྲི1.73འཕར་སྣོན་བྱུང་ཞིང་། མི་རེར་ཆ་སྙོམས་སུ་ཡོང་སྒོ་སྒོར7100བསྐྲུན།
དེ་དང་ཆབས་ཅིག ཉིང་ཁྲི་གྲོང་ཁྱེར་རོང་འབྲོག་པའི་མཉམ་ལས་ཁང་གི་འཕེལ་རྒྱས་ལ་སྣ་མང་རང་བཞིན་གྱི་ཁྱད་ཆོས་ལྡན་ཞིང་། དེའི་ཁྲོད་འདེབས་འཛུགས་ལས་རིགས་གཉེར་བའི་མཉམ་ལས་ཁང160ཡོད་པ་དང་། གསོ་སྤེལ་ལས་རིགས་གཉེར་བའི་མཉམ་ལས་ཁང239ཡོད། ཞིང་ཕྱུགས་ཐོན་རྫས་ལས་སྣོན་ལས་རིགས་གཉེར་བའི་མཉམ་ལས་ཁང45ཡོད་པ་དང་། ལས་རིགས་གཞན་དག129ཡོད་ལ། ཚོང་གཉེར་ཁྱབ་ཁོངས་ཁྲོད་ཐོན་སྐྱེད་དང་། ལས་སྣོན། ཉོ་ཚོང་། ཞབས་ཞུ་སོགས་རིམ་པ་མང་པོ་འདུས་ཡོད།