༼ཁམས་པའི་འཛུམ་རིས༽ སྤྱིའི་འདོན་ཐེངས་བཅོ་ལྔ་པ་སྒོར་ཐོན་ཡོད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2017-04-12   རྩོམ་ཁུངས།    ཁམས་པའི་དྲ་བ།

༼ཁམས་པའི་འཛུམ་རིས༽ སྤྱིའི་འདོན་ཐེངས་བཅོ་ལྔ་པ་སྒོར་ཐོན་ཡོད།

         སྤྱི་ལོ༢༠༡༧ལོའི༼ཁམས་པའི་འཛུམ་རིས༽འདོན་ཐེངས་དང་པོ(སྤྱིའི་འདོན་ཐེངས་བཅོ་ལྔ་པ) གོང་རིམ་དབུ་ཁྲིད་དང་འབྲེལ་ཡོད་ལས་ཁུངས་དག་གི་ཡང་དག་པའི་དབུ་ཁྲིད་འོག་པར་དུ་བསྐྲུན་ཏེ་རྒྱ་ཆེའི་རྩོམ་པ་པོ་དང་ཀློག་པ་པོ་ཁྱེད་ཅག་གི་སྤྱན་སྔར་བསྟར་ཐུབ་བྱུང་ཡོད་ལ།   འདི་ནི་གཙོ་བོ་བོད་ཀྱི་ཡུལ་གྲུ་འགའ་རེའི་དམངས་སྲོལ་རིག་གནས་ཆེད་བསྡུས་ཀྱིས་དེབ་གཟུགས་སུ་བསྡེབས་པའི་སྣ་འཛོམས་རང་བཞིན་གྱི་དམངས་སྲོལ་སྐོར་གྱི་དུས་དེབ་ཅིག་ཏུ་གྱུར་ཡོད།

༼ཁམས་པའི་འཛུམ་རིས༽ སྤྱིའི་འདོན་ཐེངས་བཅོ་ལྔ་པ་སྒོར་ཐོན་ཡོད།
༼ཁམས་པའི་འཛུམ་རིས༽ སྤྱིའི་འདོན་ཐེངས་བཅོ་ལྔ་པ་སྒོར་ཐོན་ཡོད།
༼ཁམས་པའི་འཛུམ་རིས༽ སྤྱིའི་འདོན་ཐེངས་བཅོ་ལྔ་པ་སྒོར་ཐོན་ཡོད།
༼ཁམས་པའི་འཛུམ་རིས༽ སྤྱིའི་འདོན་ཐེངས་བཅོ་ལྔ་པ་སྒོར་ཐོན་ཡོད།

        སླད་ཆད་ཀྱང་བོད་ཀྱི་ཡུལ་གྲུ་སོ་སོའི་མཁས་དབང་དང་རྩོམ་པ་པོ་ལྷན་རྒྱས་ཀྱིས་སོ་སོའི་ཡུལ་ལུང་པའི་དམངས་ཁྲོད་ཀྱི་རིག་གནས་ལོ་རྒྱུས་སྐོར་གྱི་ཕྱག་རྩོམ་གྱིས་རྒྱབ་སྐྱོར་གནང་སྟེ༼ཁམས་པའི་འཛུམ་རིས༽འདི་ཉིད་ཀྱི་སྐྱེས་སྟོབས་ལ་སྔར་མེད་ཀྱི་གསོན་ཤུགས་རེ་བསྩལ་བའི་རེ་སྨོན་གྱིས་ཀུན་ནས་བརྟས་པ་ལགས་སོ་ཞེས་འདི་གའི་རྩོམ་སྒྲིག་པས་ཤར་དར་རྩེ་མདོ་ནས་སྦྱར།