མཚོ་སྔོན་ཞིང་ཆེན་ཏང་ཨུས་སྐོར་ཞིབ་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་བསྡུས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2017-04-12   རྩོམ་ཁུངས།    མཚོ་སྔོན་པོ་དྲ་བ།

        ཟླ་བཞི་བའི་ཚེས་བཅུ་གཅིག་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུས་སྐོར་ཞིབ་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་བསྡུས་ཤིང་། ཐེངས་འདིའི་སྐོར་ཞིབ་བྱ་བ་ནི་ཕྱིར་བལྟ་བ་དང་སྐབས་བསྟུན་གྱི་ཐུན་མོང་རྣམ་པའི་སྒོ་ནས་སྤེལ་རྒྱུ་རེད། འདི་ནི་མཚོ་སྔོན་གྱི་སྐོར་ཞིབ་བྱ་བ་ཡོངས་སུ་ཁེབས་པའི་རྗེས་ནས་ཡང་བསྐྱར་སྐོར་ཞིབ་བྱ་འགུལ་སྤེལ་ཐེངས་ཤིག་ཡིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་རྡོ་རྗེ་རབ་བརྟན་གྱིས་སྐུལ་སློང་གཏམ་བཤད་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཀྲང་། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཧུའུ་ཁྲང་ཧྲིན་གྱིས་ཐེངས་འདིའི་གྲོས་ཚོགས་ལ་མགོ་འཛིན་བྱས།

        རྡོ་རྗེ་རབ་བརྟན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། ཞིང་ཆེན་ཏང་ཨུའི་མགོ་ཁྲིད་བརྟན་པོའི་འོག་ཏུ། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ལས་ཁུངས་སོ་སོ་ནས་ཁྱོན་བསྡོམས་སྐོར་ཞིབ་ཐེངས་བཅུ་སྤེལ་ཏེ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་འོས་འགན་ཡོངས་སུ་ཁེབས་པར་བྱས་པ་ལས་གཞན། སྐོར་ཞིབ་བྱ་བར་གྲུབ་འབྲས་ངེས་ཅན་ཐོབ་མཐར། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་བྱ་བར་སྟོབས་དང་ལྡན་པའི་འདེགས་སྐྱོར་བྱེད་ཤུགས་འདོན་སྤྲོད་བྱས། ཐུན་མོང་གི་ཕྱིརབལྟ་བའི་བྱ་འགུལ་སྤེལ་བ་ནི། སྐོར་ཞིབ་དམིགས་འབེན་འགན་འཁྲི་ཁྱོན་ཡོངས་ནས་ཁེབས་པར་བྱས་རྗེས་བསྐྱར་དུ་ཞིབ་བཤེར་དང་ཞིབ་བཤེར་ཚད་ལེན་བྱས་པའི་ལས་སྒོ་ཞིག་ཡིན། ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དངོས་འབེབས་དོན་འཁྱོལ་བྱེད་པ་དང་། ཤན་སྦྱར་སྒོས་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ། གནད་དོན་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ། ལེགས་སྒྲིག་གནས་ཚུལ་ལ་རྒྱུས་ལོན་གཏིང་ཟབ་བྱེད་པ། ལས་རིམ་ཁག་ཚང་མ་བསྒྲུབས་པ་གོ་རིམ་ལྡན་ཞིང་ཚགས་དམ་མིན་ལ་ཕྱིར་བལྟ་བྱེད་པ། ལས་དོན་རེ་རེ་བསྒྲུབས་པར་གྲུབ་འབྲས་བྱུང་ཡོད་མེད་ལ་བརྟག་པ་བཅས་ཀྱི་བྱ་བ་ལག་ལེན་མཐར་ཕྱིན་བྱེད་དགོས། སྔར་ལས་ལྷག་པའི་སྒོ་ནས་ཆབ་སྲིད་རང་བཞིན་དང་ཆབ་སྲིད་སྒྲིག་ཁྲིམས་རང་བཞིན་འབུར་ཐོན་ཅན་དུ་བཏང་ནས། སྐབས་སྔོན་མའི་སྐོར་ཞིབ་སྐབས་སུ་རྙེད་པའི་གནད་དོན་གཙང་བཅོས་བྱས་ཡོད་མེད་ལ་བལྟ་བ་དང་། གནད་དོན་རྙིང་བ་བསྐྱར་དུ་འབྱུང་རྐྱེན་ལ་རྒྱུས་ལོན་ཡང་དག་བྱེད་པ། མ་རྙེད་པའི་གནད་དོན་ལ་བསྐྱར་དུ་འཚོལ་དཔྱོད་བྱེད་པ། ཆབ་སྲིད་སྐོར་ཞིབ་ཀྱི་གསར་གཏོད་ཆེན་མོ་གཏིང་ཟབ་ཏུ་སྤེལ་བ་དང་། གཅིག་བསྡུས་སྒོས་གནད་དོན་ཚུར་འདོན་བྱེད་པ་བཅས་ལ་འབད་དེ། སྒྲིག་ཁྲིམས་བྱ་བའི་ཟིལ་ཤུགས་གྲུབ་པར་བྱེད་དགོས་ཟེར།

        ཧུའུ་ཁྲང་ཧྲིན་གྱིས་སྐོར་ཞིབ་ལས་བྱེད་པ་རྣམས་ཀྱིས་བློ་བརྟན་འགྱུར་མེད་ངང་ཆབ་སྲིད་སྐོར་ཞིབ་བྱ་བ་གཏིང་ཟབ་ཏུ་སྤེལ་ནས། རང་རྟོགས་ཡོད་པའི་སྒོ་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ཆབ་སྲིད་འགན་འཁྲི་ལག་བསྟར་ནན་མོ་བྱེད་དགོས་ཤིང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སྐུལ་སློང་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་ནན་མོ་བྱས་མཐར། སྐོར་ཞིབ་འོས་འགན་ཡོངས་འགྲུབ་བྱེད་དགོས་པའི་རེ་བ་བཏོན།