རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-04-12   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།
གནམ་གཤིས་གྲང་དུ་འགྲོ་སྐབས།མི་མི་ཉུང་བ་ཞིག་གི་སྐྲ་འབྱི་ཚད་ཀྱང་མང་དུ་འགྲོ་གི་ཡོད།དེར་བརྟེན། གཤམ་གྱི་གནད་དོན་ཐད་དོ་སྣང་བྱེད་དགོས་པ་སྟེ།སྐྲ་འཁྲུ་བའི་སྐབས། ཆུ་དྲོད་འཇམ་ནང་ཚུའུ་ཏོག་ཙམ་བླུགས་རྗེས་རྒྱུན་གཏན་ལྟར་བཀྲུས་ན་སྐྲ་འབྱི་བ་སྔོན་འགོག་བྱེད་ཐུབ།ཡང་དེ་མིན་སྐྲ་ལ་སྐྲ་འཁྲུད་དག་རྫས་ཏོག་ཙམ་བྱུགས་ནས་ལྦུ་བ་ལངས་རྗེས་ཚུའུ་ཧའོ་ཧྲེང་10ནས་20ཙམ་ཐད་ཀར་སྐྲ་ལ་བྱུགས་ནས་སྐར་མ་3ནས་5ཙམ་འཕུར་རྗེས་ཆུ་བཤལ་གཙང་མ་གཏོང་དགོས།དེ་ལྟར་གཟའ་འཁོར་གཉིས་ཙམ་རྒྱུན་འཁྱོངས་བྱས་ན་སྐྲ་འབྱི་བ་སྔོན་འགོག་བྱེད་ཐུབ།
གལ་སྲིད་སྐྲ་འབྱི་ཚད་ཤུགས་ཆེ་ཙམ་ཡོད་ན།ངེས་པར་དུ་གོང་གསལ་གྱི་བྱ་ཐབས་རྣམས་སྤྱད་པའི་ཁར།ད་དུང་ཟས་རིགས་ལའང་དོ་སྣང་མང་ཙམ་བྱེད་དགོས། དཔེར་ན། རྒྱུན་དུ་སྲན་སེར་དང་། སྲན་ནག སྒོ་ང་།ཉ་ཤ། ཤཱ་མི། བ་དམ་བཙོས་མ། པོའོ་ཚལ། ཤིང་ཏོག་ངང་ལག་སོགས་མང་ཙམ་བཟས་ན་སྐྲ་འབྱི་བ་སྔོན་འགོག་ཐུབ།