ལུས་སྟོབས་གསོ་བའི་ཐབས་ཤེས།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-04-12   རྩོམ་ཁུངས།    གངས་ལྗོངས་ཉི་གཞོན་དྲ་བ།

      ཞོགས་ཟས་སྔ་དགོས།

      ཞོགས་པའི་ཁ་ཟས་སྔ་དགོས་པ་དང་དགོང་ཟས་མི་འཕྱི་བ།ཞོགས་པར་ཟ་མ་ཟོས་རྗེས་ད་གཟོད་སྒོར་འགྲོ་བ།དེ་ལྟར་བྱས་ན་མཚེར་པ་དང་ཕོ་བར་ཕན་པ་ཡིན།

   ཟས་ཚ་པོར་ཟ་བ།

   ཟས་ཟ་དུས་ཚ་བོ་དང་།ཞིབ་ཏུ་བལྡད་ནས་དལ་མོར་མིད་དགོས།དེ་ལྟར་བྱས་ན་འཚོ་བཅུད་འཇུ་བར་ཕན་ཐོགས།

   ཟས་ཟ་ཚོད་ཟིན་དགོས།

   བཟའ་བཏུང་ལེགས་པར་སྡེབ་སྟེ་ཉུང་ཙམ་ཟ་དགོས།ཕོ་བ་ལྟོགས་དུས་ཟས་མང་པོ་ཟ་བ་དང་ཁ་སྐོམ་དུས་ཆུ་མང་པོ་འཐུང་བ་སོགས་མི་བྱེད་པ།ཉིན་རེར་ཤ་ཉུང་ཙམ་ཟ་བ་དང་ཟས་ལ་ཟ་ཚོད་འཛིན་དགོས།དགོང་ཟས་ཉུང་ཙམ་ཟོས་ན་ཟས་འཇུ་བར་ཕན།

   སྣུམ་ཉུང་བའི་ཁུ་དྭངས་ཀྱི་རིགས་བསྟེན་པ།

   སྣུམ་ཉུང་བའི་ཁུ་དྭངས་ཀྱི་རིགས་མི་ལུས་ལ་ཕན་ཞིང་།རོ་ལྔ་མང་དྲགས་ན་དེ་དག་གིས་ལུས་ལ་གནོད་པ་ཡིན།དཔེར་ན་མངར་ཆ་མང་དྲགས་ན་དེ་དག་གིས་ལུས་ལ་གནོད་པ་ཡིན། དཔེར་ན་མངར་ཆ་མང་དྲགས་ན་རུས་པ་ན་བ་དང་མགོ་སྐྲ་ལྷུང་འགྲོ་བ།སྐྱུར་མང་དྲགས་ན་སྐྱི་པགས་ཇེ་མཐུག་ཏུ་ཕྱིན་ཏེ་སྐྱི་པགས་དང་ཁ་ལ་སོགས་པར་སེར་ཁ་འབྱུང་སླ་བ།ཁ་ཚ་བ་མང་དྲགས་ན་སྙིང་ལ་གནོད་ཅིང་ཁྲག་འགག་པ།དེའི་ཕྱིར་རོ་ལྔ་ཚད་དང་མཐུན་པར་ལེགས་པར་སྡེབ་ན་ལུས་གསོ་བར་ཕན།དེ་ལ་དགའ་དྲགས་ན་ནད་གཞིའི་སྣ་ཚོགས་བསླངས་ནས་ཚེ་ཐག་ཇེ་ཐུང་དུ་གཏོང་འགྲོ

   ཟས་ཚ་པོར་དགའ་བ།

  མཚེར་བ་དང་ཕོ་བར་དྲོད་ཟས་འཕྲོད་ཅིང་གྲང་བའི་རིགས་མི་འཕྲོད།དེ་བས་ཟས་རློན་པ་དང་གྲང་མོ།ཞག་རྩི་དང་ཚི་ལུ་འཁྱགས་པ་བཅས་མ་ཟོས་ན་བཟང་།

  ཟས་སྙི་མོ་ཟ་བ།ཟས་རིགས་སྲ་མོའི་རིགས་ཕོ་བས་འཇུ་དཀའ་ཞིང་།དེའི་ཕྱིར་ཤ་སོགས་ཟ་དུས་ཚོས་ཐག་ཆོད་པར་བྱེད་དགོས།འབྲས་བཙོས་པའང་སྙི་འཇམ་ཡིན་དུས་ཟ་དགོས།