རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-04-12   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
ཞོགས་པར་སེམས་ཀྱི་ཉི་རྫོང་མཁར་གྱི་འགྲོ་ལམ་ཐོག་སྐྱོད་ན། གཞུང་ལམ་གཞོགས་གཉིས་ཀྱི་ལྗང་འགྱུར་ས་རྒྱུད་ནང་གི་སྔོ་ཐིང་ཐིང་གི་ལྗང་འགྱུར་ཤིང་སྡོང་གིས་གྲོང་མི་ལ་སྣང་བ་སྐྱིད་པོ་ཞིག་སྐྱེལ་རྒྱུ་རེད། ལོ་མང་གི་རིང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་གྲོང་ཁྱེར་གྱི་ལྗང་འགྱུར་འཛུགས་སྐྲུན་ལག་ལེན་བྱས་ནས། ཡུལ་མིའི་གནས་སྡོད་ཁོར་ཡུག་ལེགས་སུ་གཏོང་བ་དང་མི་དམངས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་བ། དེ་བས་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱས་ནས། གྲོང་ཁྱེར་སྐྱེ་ཁམས་ཀྱི་བདེ་འཇགས་ལ་ཁག་ཐེག་བྱས་ཡོད།
ཤེས་གསལ་བྱུང་དོན། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ལྗང་འགྱུར་ལས་ཀ་ནི་དུས་རབས་སྔ་མའི་ལོ་རབས་60ནས་ལས་འགོ་ཚུགས་པ་རེད། རྫོང་མཁར་གྱི་རྒྱང་སྐྱོད་ལམ་ནས་ལྗང་འགྱུར་ཤིང་སྡོང་འཛུགས་ཏེ། གཙོ་བོ་ནི་སྦྱར་ལྕང་ཤིང་སྡོང་འཛུགས་ཡོད། རྗེས་མར་ཁྲོམ་ལམ་རྒྱ་སྐྱེད་པའི་རྐྱེན་གྱིས་གཅོད་པ་རེད། དེའི་རྗེས་སུ་ཐེངས་མང་པོ་བཙུགས་ནས། ཤིང་སྡོང་གི་སྣ་རིགས་ལེགས་སྒྲིག་བྱེད་པ་མ་ཟད། ད་དུང་སྐབས་དེར་འཛུགས་པའི་ལྗང་འགྱུར་ཤིང་སྡོང་གི་གསོན་ཚད་50%ཡས་མས་ལས་ཟིན་མེད། 1997ལོར་ཁུལ་འཛུགས་ནས་ལོ་འཁོར་40ལོན་པའི་རྟེན་འབྲེལ་བྱེད་སྒོ་བསྡུས་དུས་ཡང་བསྐྱར་རྒྱང་སྐྱོད་ལམ་དང་རྒྱལ་ཐང་ལམ་དུ་ཁྲོམ་ལམ་ལྗང་འགྱུར་བྱས་ནས། རྫོང་མཁར་གྱི་གཞུང་ལམ་གཙོ་བོ་སོ་སོའི་ལྗང་འགྱུར་ཤིང་སྡོང་2934རུ་འཕར་ཡོད། ལོ་རབས་80ནས་2005ལོའི་བར་དུ། ནགས་ལྕོག་རི་བོ་སོགས་ས་ཁུལ་དུ་གྲོང་ཁྱེར་གྱི་རི་ངོས་ལྗང་འགྱུར་བྱས་ཏེ། ཤིང་སྡོང་མུའུ་45000ཙམ་འཛུགས་པ་དང་། ཤིང་སྡོང་འཛུགས་དུས་ཚོགས་ཁག་གིས་ཤིང་སྡོང་འཛུགས་པ་དང་ལས་ཁུངས་ཀྱིས་འོས་འགན་ཤིང་སྡོང་འཛུགས་པ་དང་བསྟུན་པའི་བྱ་ཐབས་སྤྱད་དེ། རི་ངོས་སུ་ཤིང་སྡོང་འཛུགས་པ་ལྗང་འགྱུར་ལ་ནགས་ལས་སྡེ་ཁག་གིས་སྔོན་རྗེས་སུ་མ་དངུལ་གཏོང་གྲངས་སྒོར་ཁྲི་1130ཟིན་ཡོད།
2002ལོ་ནས་2006ལོའི་བར་དུ་ཤིང་སྡོང་ཆེན་པོ་གྲོང་ཁྱེར་དུ་འདྲེན་ཞིང་གྲོང་ཁྱེར་ལྗང་འགྱུར་དུ་གཏོང་བའི་ལས་ཀ་སྒྲུབ་སྟེ། གྲོང་ཁྱེར་གྱི་ཚད་ལྡན་ལྗང་འགྱུར་ལས་ཀའང་སྐབས་དེ་ནས་འགོ་ཚུགས་པ་རེད། སེམས་ཀྱི་ཉི་ཟླ་རྫོང་མཁར་གྱི་ཁྲོམ་ར་ཁག་དང་ཐང་ཆེན་གྱི་སྣ་རིགས་སོ་སོའི་ལྗང་འགྱུར་ཤིང་སྡོང་གི་སྡོང་གྲངས་7312སུ་འཕར་ཞིང་། སྤྱི་པའི་ལྗང་འགྱུར་རྒྱ་ཁྱོན་སྨི་གྲུ་བཞི་24608བཟོ་བ། གྲོང་ཁྱེར་གྱི་རྣམ་པ་ལེགས་སུ་གཏོང་ཞིང་། ལྗང་འགྱུར་གྱི་ཕན་ནུས་ཐོག་མར་མངོན་པ་རེད།
2007ལོར། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་“གྲོང་ཁྱེར་ལྡོམ་ཁུལ་ཅན་དུ་འགྱུར་བ་དང་གྲོང་ཁྱེར་ཉེ་འཁོར་ནགས་ཚལ་ཅན་དུ་འགྱུར་བ། འགྲོ་ལམ་ལྗོན་གྲིབ་ཅན་དུ་འགྱུར་བ། ཁྱམས་ར་མེ་ཏོག་ལྡུམ་ར་རུ་འགྱུར་བའི”དམིགས་འབེན་འདོན་པ། སེམས་ཀྱི་ཉི་ཟླ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་གྲོང་ཁྱེར་འདི་ལ་རི་ཆུའི་གྲོང་ཁྱེར་གྱི་སྒྲིག་གཞི་གཙོ་བོ་ཡོད་པ་དང་། ཕྱི་ནས་ཡོང་བའི་ཤིང་སྡོང་དང་མཐོ་སྒང་གི་རྩི་ཤིང་སྐྱེ་ཐུབ་པའི་རང་བྱུང་ཁོར་ཡུག་ཡོད་པ། ཕུན་སུམ་ཚོགས་པོའི་རི་སྐྱེས་ཤིང་སྡོང་དང་རི་སྐྱེས་མེ་ཏོག་འཛུགས་པའི་ཐོན་ཁུངས་སོགས་ཀྱི་ཆ་རྐྱེན་ཡོད་པར་གཞིགས་ནས། མེ་ཏོག་ཡིང་ཧྭ་དང་མེ་ཏོག་ཡུས་ལན་ཧྭ། ཁམ་བུ་དཀར་པོ་སོགས་ཕྱི་ཡུལ་གྱི་ཤིང་སྡོང་སྣ་རིགས་29ནང་འདྲེན་བྱས་པ་དང་། ས་ཆ་དེ་དག་གི་ཤིང་སྡོང་དང་བསྟུན་ཏེ་འཛུགས་ནས། ཐོག་མར་མཐོ་སྒང་གི་སྐྱེ་ཁམས་ཅན་གྱི་གྲོང་ཁྱེར་དུ་གྱུར་བ་རེད། གྲོང་ཁྱེར་གྱི་ལྗང་འགྱུར་“མེད་པ་ནས་ཡོད་པ་དང་། ཡོད་པ་ནས་ལེགས་སུ་གཏོང་བ། སིལ་པོས་འཛུགས་པ་ནས་ཐོག་མར་ཚད་གཞི་ལྡན་པ། སྣ་གཅིག་གི་ལྗང་འགྱུར་ནས་ལྗང་འགྱུར་དང་མཛེས་འགྱུར། གསལ་པོར་འགྱུར་བའི་”གོང་སྤེལ་བྱས་ཡོད། 2007ལོ་ནས་2011ལོའི་བར་དུ་མི་ཤུགས་དང་དངོས་ཤུགས། ནོར་ཤུགས་ཆེན་མོ་བཏང་ནས་གྲོང་ཁྱེར་གྱི་ལྗང་འགྱུར་ལས་གྲྭའི་བྱེད་ཚད་མགྱོ གས་སུ་གཏོང་བ། སྔོན་རྗེས་སུ་ཤམ་བྷ་ལ་ལམ་ཆེན་དང་མཁའ་འགྲོ་ལམ་ཆེན། རྒྱང་སྐྱོད་ལམ་ཆེན། མཐུན་སྒྲིལ་ལམ། རྡོ་མཁར་རྫོང་གི་ཐང་ཆེན། ཧྲུན་ཡོན་ཐང་ཆེན། ཁུལ་སྲིད་གྲོས་ཀྱི་ཐང་ཆེན། རྫོང་ཨུའི་ཐང་ཆེན། ཁུལ་སྲིད་གཞུང་གི་ར་བ། རིགས་ལྔ་ལམ། ཡང་ཐང་ལམ། སེམས་ཀྱི་ཉི་ཟླའི་མི་རིགས་ལུས་རྩལ་ཁང་མཐའ་སྐོར་གྱི་འགྲོ་ལམ་འགའ་ཤས་སོགས་ཀྱི་ལྗང་འགྱུར་ལས་ཀ་ལེགས་འགྲུབ་བྱུང་ཞིང་། ལྗང་འགྱུར་གྱི་རྒྱ་ཁྱོན་སྨི་གྲུ་བཞི་ཁྲི་15.6ཙམ་ཟིན་པ། རིམ་པ་ཁག་གི་སྲིད་གཞུང་གིས་སྔོན་རྗེས་སུ་མ་དངུལ་སྒོར་ཁྲི་2700བཏང་ནས་གྲོང་ཁྱེར་གྱི་ལྗང་འགྱུར་ལས་གྲྭར་སྤྱོད་པ། དེའི་ནང་སེམས་ཀྱི་ཉི་ཟླ་རྫོང་གིས་མ་དངུལ་སྒོར་ཁྲི་30བཏང་ནས་ལྗང་འགྱུར་ལས་གྲྭའི་བདག་སྐྱོང་དོ་དམ་དུ་སྤྱོད་ཡོད།
སློབ་གསོའི་ཕྱོགས་བསྡུས་བསྒྱུར་བཅོས་ལས་ཀའི་བཀོད་སྒྲིག་ལ་གཞིགས་ནས། རང་ཁུལ་གྱིས་སྔོན་རྗེས་སུ་སེམས་ཀྱི་ཉི་ཟླ་རྫོང་སློབ་འབྲིང་དང་པོ་དང་སློབ་འབྲིང་གསུམ་པ། གྲོང་ཁྱེར་གྱི་རྡོ་མཁར་རྫོང་དང་རྒྱལ་ཐང་སློབ་ཆུང་། ནགས་ཆུ་ཐང་སློབ་ཆུང་། ཐེང་ཞུན་ཉི་ཤར་སློབ་ཆུང་། ཝུའུ་ཅིན་སློབ་ཆུང་སོགས་ཀྱི་སློབ་གྲྭའི་ལྗང་འགྱུར་ལེགས་འགྲུབ་བྱུང་སྟེ། ལྗང་འགྱུར་གྱི་རྒྱ་ཁྱོན་སྨི་གྲུ་བཞི་ཁྲི་4ཟིན་པ་དང་། མ་དངུལ་སྒོར་ཁྲི་600ལྷག་བཏང་བ་རེད།
རྒྱུན་མཐུད་ཀྱིས་འབད་བརྩོན་བྱས་ནས། ནགས་ལྕོག་རི་བོ་སོགས་ནགས་ཚལ་དུ་གྱུར་ཡོད། རྒྱང་སྐྱོད་ལམ་ཆེན་དང་ཤམ་བྷ་ལ་ལམ་ཆེན། ཁུལ་སྲིད་གྲོས་ཀྱི་ཐང་ཆེན་སོགས་ལྗང་འགྱུར་ལས་གྲྭར་ཕན་ནུས་བྱུང་ཡོད། སློབ་གྲྭའི་ཁོར་ཡུག་མངོན་གསལ་གྱིས་ལེགས་སུ་གཏོང་ཐུབ་པ་དང་། གྲོང་ཁྱེར་གྱི་འགྲོ་ལམ་ལྗང་འགྱུར་ས་རྒྱུད་ལ་སྣ་རིགས་མི་འདྲ་བའི་རྩི་ཤིང་སྐྱེས་ནས། གྲོང་ཁྱེར་གྱི་འཛུགས་སྐྲུན་དང་འགྲོ་ལམ་གྲོང་ཁྱེར་གྱི་མཛེས་ལྗོངས་ཤིག་ཏུ་གྱུར་ཡོད།
“ལམ་རྒྱ་ཆེ་བ་དང་ལམ་སྒྲོན་གསལ་པོ་བྱུང་བ། ངལ་གསོ་རྒྱག་ས་ཡང་དེ་བས་མང་བ་དང་མཛེས་པོར་འགྱུར་ཡོད།” ལོ་འདི་གའི་སེམས་ཀྱི་ཉི་ཟླ་རྫོང་མཁར་གྱི་འགྱུར་ལྡོག་གླེང་དུས། སེམས་ཀྱི་ཉི་ཟླའི་གྲོང་མི་ཞིག་གིས་འདི་འདྲ་བཤད་བྱུང་།