རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-04-13   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཉེ་སྔོན།སྐད་གྲགས་ཆེ་བའི་འཁྲབ་འཁྲིད་པ་ཧྥེང་ཞའོ་ཀང་གིས་འཁྲབ་ཁྲིད་བྱེད་པའི་མཛེས་སྡུག་ལྡན་པའི་ལང་ཚོ་ཞེས་པའི་གློག་བརྙན་བདེ་ཆེན་དུ་ཕབ་སྐྲུན་བྱས་པ།པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་དང་པད་མ་རི་བོ།ཁ་བ་དཀར་པོ་བཅས་ནི་གློག་བརྙན་འདིའི་ཕབ་སྐྲུན་བྱེད་ས་རེད།
མཛེས་སྡུག་ལྡན་པའི་ལང་ཚོའི་གློག་བརྙན་འཁྲབ་མཁན་ཚོ་ཆུང་གི་ལས་བྱེད་པས་ཕབ་སྐྲུན་སྔོན་གྱི་ལས་ཀ་གྲ་སྒྲིག་བྱེད་བཞིན།
འཁྲབ་ཁྲིད་པ་ཧྥེང་ཞའོ་ཀང་གིས་པོ་ཏ་མཚོའི་མཛེས་ལྗོངས་ནས་བདེ་ཆེན་ཁུལ་གྱིས་ཡུལ་སྐོར་ལས་རིགས་དང་སྐྱེ་ཁམས་སྲུང་སྐྱོང་གི་ཐད་དུ་བྱེད་པའི་འབད་བརྩོན་མཐོང་ཐུབ་པ་དང་།པོ་ཏ་མཚོས་གངས་རི་དང་རྩྭ་ཐང་།ནགས་ཚལ་བཅས་ནི་གདོད་མའི་མཛེས་ལྗོངས་རྒྱུན་འཁྱོངས་བྱེད་ཡོད་དེ།གློག་བརྙན་འདིའི་བཟོ་ལྗོངས་ཁག་འགའ་འདིར་ཕབ་སྐྲུན་བྱས་ནས།ལྟད་མོ་བས་དགའ་བསུ་ཐོབ་རྒྱུ་རེད་ཅེས་བཤད་བྱུང་།
གློག་བརྙན་གྱི་འཁྲབ་མཁན་གཙོ་བོ་ཧོང་ཞོན་གྱིས་བདེ་ཆེན་གྱིས་ཁུལ་འཛུགས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ།
གློག་བརྙན་གྱི་འཁྲབ་མཁན་གཙོ་བོས་ཁ་བ་དཀར་པོའི་མདུན་ཕྱོགས་ཀྱི་ཕབ་སྐྲུན་བྱེད་སར་གྲ་སྒྲིག་ལས་ཀ་བྱེད་པ།
གློག་བརྙན་འཇོལ་རྫོང་ནས་ཕབ་སྐྲུན་བྱེད་བཞིན་པའི་ལས་ཡུལ་དངོས།
འཁྲབ་ཁྲིད་པ་ཧྥེང་ཞའོ་ཀང་གིས་ཐེངས་འདིར་མཛེས་ལྗོངས་འདི་ནས་མཛེས་སྡུག་ལྡན་པའི་ལང་ཚོའི་གློག་བརྙན་ཕབ་སྐྲུན་བྱས་ནས་བདེ་ཆེན་གྱིས་མཛེས་ལྗོངས་ལྟད་མོ་བ་རྣམས་ལ་བསྟན་ཐུབ་པའི་རེ་བ་བཏོན་པ།