བདེ་ཆེན་གྱིས་དགོན་པ་ནང་བྱེད་སྒོ་སྣ་མང་བསྡུས།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-04-13   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཉེ་སྔོན།ཉེན་རྟོག་དྲག་དཔུང་ཡུན་ནན་སྤྱི་ཁྱབ་རུ་ཁག་བདེ་ཆེན་ཡན་ལག་རུ་ཁག་གི་བོད་རིགས་དཔོན་དམག་ནས་གྲུབ་པའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་དྲིལ་བསྒྲགས་རུ་ཆུང་གིས་དགའ་ལྡན་སུམ་རྩེན་གླིང་དུ་བསྐྱོད་ནས་དུས་ཐོག་ཏུ་ཏང་དང་རྒྱལ་ཁབ་ཀྱི་གསུང་སྐད་དང་།རྒྱལ་ཇུས་དམངས་འཚོ་དང་འབྲེལ་བ་ཡོད་པའི་སྲིད་ཇུས་དགོན་སྡེའི་རྒྱ་ཆེའི་དགེ་འདུན་གྱི་ཁྲོད་དུ་དྲིལ་བསྒྲགས་བྱས་པ་རེད།  འཇོལ་རྫོང་ཐང་སྟེང་ཤང་སྤྱི་བདེ་མངག་གཏོང་ཁང་གིས་མི་དམངས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས་ལུང་པ་སྔགས་མཆོད་དུ་ཤིང་སྡོང་བཙུགས་ནས་ཁོར་ཡུག་དེ་བས་སྔོ་ལྗང་ཅན་དུ་འགྱུར་བ།


མི་དམངས་ཉེན་རྟོག་པ་དང་གྲྭ་བ་ཚོས་མཉམ་དུ་ཤིང་སྡོང་600ལྷག་བཙུགས་ཡོད།


ཉེན་རྟོག་དྲག་དཔུང་ཡུན་ནན་སྤྱི་ཁྱབ་རུ་ཁག་གི་སྨན་བཅོས་རུ་ཁག་དགའ་ལྡན་སུམ་རྩེན་གླིང་དང་དོན་གྲུབ་གླིང་སོགས་བདེ་ཆེན་ཁུལ་གྱི་དགོན་སྡེ་ཁག་འགར་སླེབས་ནས་གྲྭ་བ་ཚོ་ལ་སྨན་ཡོན་མི་དགོས་པའི་སྨན་བཅོས་བྱས་པ།


བོད་ཟླ་དང་པོའི་ཚེས་བཅོ་ལྔ་ཉིན་དགའ་ལྡན་སུམ་རྩེན་གླིང་གི་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་བྱམས་པ་གླིང་སྐོར་བྱས། དུས་བཟང་འདི་ལ་སྐྱེས་ཕོ་མོ་རྒན་དར་གཞོན་གསུམ་གྱིས་དད་གུས་ཀྱིས་རྟེན་མཇལ་བྱས་ནས་ལོ་འདིའི་ནང་མི་ལ་ན་ཚ་མེད་པ་དང་ཕྱུགས་ལ་གོད་ཁ་མེད་པ།བདེ་སྐྱིད་དཔལ་ལ་རོལ་བའི་བཀྲ་ཤིས་སྨོན་འདུན་ཞུ་བཞིན་ཡོད།


དགའ་ལྡན་སུམ་རྩེན་གླིང་གི་བྲག་གཡབ་ཁང་ཚན་གྱི་གྲྭ་བཙུན་ཞིག་གིས་མེ་རིས་བཟོ་ནས་ཆོས་སྒོ་ནང་སྤྱོད་གྲབས་བྱེད་བཞིན་པ། (པད་མ་ཚེ་རིང་གི་པར་བླངས།)


དགའ་ལྡན་སུམ་རྩེན་གླིང་གི་གྲྭ་བ་ཚོས་འདུ་ཁང་ནང་ཞལ་འདོན་གནང་བ།


འཇོལ་རྫོང་ཤོག་གསུམ་ཇོ་མོ་དགོན་གྱི་ཇོ་མོས་ཆོས་སྦྱོང་བྱེད་བཞིན།




འཆམ་མཐུན་མཚོན་པའི་མཐུན་པ་སྤུན་བཞིའི་ལྡེབས་རིས།