སེམས་ཀྱི་ཉི་ཟླའི་པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-04-13   རྩོམ་ཁུངས།   


 


    སེམས་ཀྱི་ཉི་ཟླའི་པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་དེ་“གཙང་གསུམ་མཉམ་བཞུར”འཛམ་གླིང་རང་བྱུང་ཤུལ་བཞག་གནས་ཡུལ་གྱི་ལྟེ་བའི་ས་ཁོངས་སུ་གནས་ཡོད་(བེ་མཐའ་མཚོ་དང་ཞོ་རྡོ་མཚོ་དེ་རུ་འདུས་ཡོད)ལ། རྒྱལ་ཁབ་རིམ་པའི་ཡུལ་ལྗོངས་གྲགས་ཅན་དང་འཛམ་གླིང་རང་བྱུང་ཤུལ་བཞག་ཁུལ། རྒྱལ་ཁབ་ཀྱི་གལ་ཆེའི་རློན་ས་དང་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གཞི་གཅིག་ཏུ་འདུས་ཡོད།དེ་ལ་ཕུན་སུམ་ཚོགས་པའི་སྐྱེ་དངོས་སྲུང་སྐྱོང་དང་།རིག་གནས་སྣ་མང་ཅན། ཁོར་ཡུག་སློབ་གསོ།སྡེ་ཁུལ་ལ་ཕན་ཐོབ་པ་བཅས་ཀྱི་ནུས་པ་འདུས་ཡོད།དེ་དང་སེམས་ཀྱི་ཉི་ཟླའི་རྫོང་མཁར་བར་ལ་སྤྱི་ལེ22ཡོད།

བདེ་ཆེན་ཁུལ་གྱིས་པོ་ཏ་མཚོ་ལྗོངས་ཁུལ་གྱི་ཕུགས་ཡུན་གྱི་འཕེལ་རྒྱས་ལ་དམིགས་ནས།སྔ་རྗེས་སུ་མ་དངུལ་འབོར་ཆེན་བཏང་ཞིང་ལྗོངས་ཁུལ་གྱི་སྤུས་ཚད་མཐོ་རུ་བཏང་བ་དང་ཁོར་ཡུག་ལེགས་སྒྲིག་བྱས་པ།ད་དུང་5Aརིམ་པའི་ཡུལ་སྐོར་ལྗོངས་ཁུལ་གྱི་ཚད་གཞི་ལ་གཞིགས་ནས་ལྗོངས་ཁུལ་གྱི་འགྲིམ་འགྲུལ་གཞུང་ལམ་དང་ཡུལ་སྐོར་བའི་རྐང་འགྲུལ་རྒྱག་པའི་གདུང་འདེགས་འཕྲང་ལམ་ལེགས་སྒྲིག་དང་རིམ་སྤར་བྱས་པ།ལྗོངས་ཁུལ་གྱི་མཉེན་ཆས་དང་མཁྲེགས་ཆས་ཀྱི་སྤུས་ཚད་མཐོ་རུ་སྤར་བ་དང་ལེགས་སྒྲིག་བྱས་ཏེ།ལྗོངས་ཁུལ་གྱི་རྣམ་པ་དང་སྤུས་ཚད་རིམ་འཕར་མཐོ་ཙམ་བྱུང་ཡོད།