རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-04-13   རྩོམ་ཁུངས།   
ཧ་པཱ་གངས་རི་དེ་སེམས་ཀྱི་ཉི་ཟླ་རྫོང་གི་ཤར་ལྷོ་རུ་གནས་པ་དང།མཚོ་ངོས་ལས་མཐོ་ཚད་སྨི5396ཟིན་པ། རི་རྩེར་ལོ་འཁོར་མོ་ཁ་བ་མི་ཞུ་སྟེ།མཛེས་ཤིང་བརྗིད་ཉམས་ལྡན་པ་རེད།
ཡུལ་སྐོར་གྱི་དུས་ཚིགས་ཡག་ཤོས།
གངས་རིར་འཛེག་པའི་དུས་ཚིགས་ནི་ལོ་རེའི་ཟླ11པ་ནས་ཕྱི་ལོའི་ཟླ2པ་ཡིན།དུས་རླུང་གིས་གནོད་སྐྱོན་ཐེབས་པའི་རྐྱེན་གྱིས།ཟླ1པོ་ནས་ཟླ2པའི་བར་ལ་རླུང་ཤུགས་ཆེ་ཞིང་།རྒྱུན་དུ་རིམ་པ8ཡན་ཟིན་པ། ཟླ11པ་ནས་ཟླ12པའི་བར་ལ་རླུང་ཤུགས་ཆུང་སྟེ།གངས་རི་དེ་ལ་འཛེག་པའི་དུས་ཚིགས་ཡག་ཤོས་ཤིག་རེད།
འགྲིམ་འགྲུལ་ཕྱོགས་སྟོན།
ཧ་པཱ་གངས་རི་དེ་སེམས་ཀྱི་ཉི་ཟླའི་རྫོང་མཁར་བར་ལ་སྤྱི་ལེ120ཡོད་པ་དང།རྒྱ་ཁྱོན་སྤྱི་ཆིང་21908ཟིན་པ། ཡུལ་སྐོར་བས་སེམས་ཀྱི་ཉི་ཟླའི་རྫོང་མཁར་ནས་རླངས་འཁོར་དུ་བསྡད་དེ་ཉིན་གཅིག་ནང་དེར་སླེབས་ཐུབ།བཟའ་བཏུང་དང་ཞག་སྡོད་བཅས་ཧ་པཱ་གྲོང་སྡེར་བྱེད་ཆོག་པ་རེད།(སྒྲོལ་མ་གཡང་མཚོས་བསྒྱུར།)