རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-04-13   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
ཤྭ་ཁ་རི་བོ་ནི་སེམས་ཀྱི་ཉི་ཟླའི་རྫོང་མཁར་ལྷོ་ནུབ་ཏུ་གནས་ཡོད་ལ། གངས་རིའི་བྱང་ཕྱོགས་ནི་ནགས་ཕག་མཚོ་དང་འབྲེལ་ཡོད་པ་དང་། ལྷོ་ཕྱོགས་སུ་སྟོང་མཚོ་དང་ཉེ་བ །ཤར་ཕྱོགས་སུ་དགེ་ལུགས་པའི་དགོན་སྡེ་སུམ་རྩེན་གླིང་དང་རྡོ་མཁར་རྫོང་ཆགས་ཡོད་ལ།ནུབ་ཕྱོགས་སུ་ངོ་མཚར་ཆེ་བའི་གྲོག་རོང་ཆེན་མོ་དང་།འབྲི་ཆུ་ལང་ལོང་དུ་བཞུར་ཡོད་པ་རེད།རི་རྩེ་མཐོ་ཤོས་ལ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4449.5ཡོད་པ་རེད། ཤྭ་ཁ་རི་བོ་ནི་མིག་སྔར་བདེ་ཆེན་མཐོ་སྒང་དུ་འབྲེང་འཁོར་འཛུགས་ཡོད་པའི་གནས་སྐོར་མཛེས་ལྗོངས་ཁོ་ན་ཞིག་ཡིན་ཏེ།དེར་དཔྱིད་ཀའི་རྩྭ་ལྗང་དང་དབྱར་ཁའི་མེ་ཏོག སྟོན་ཁའི་སྟོན་ལྗོངས།དགུན་ཁའི་ཁ་བ་བཅས་མཐོང་ཐུབ་པས།དུས་ཚིགས་རེ་རེར་མཛེས་ལྗོངས་ཀྱང་མི་འདྲ་བའི་ཁྱད་ཆོས་ལྡན།
ཤྭ་ཁ་རི་བོ་ནི་ཤྭ་བ་མང་པོ་ཡོད་པའི་རི་བོ་ཡིན་པས་ཤྭ་ཁ་ཞེས་འབོད་པ་རེད།ཤྭ་ཁ་རི་བོ་མིང་གི་འབྱུང་ཁུངས་ཡང་སངས་རྒྱས་ཆོས་ལུགས་དང་འབྲེལ་བ་ཡོད་ལ། འདིའི་ཡུལ་མི་རྣམས་ཀྱིས་བཤད་སྲོལ་དུ་ཤྭ་བ་ནི་སངས་རྒྱས་ཆོས་ལུགས་དང་འབྲེལ་བ་ཡོད་པ་མ་ཟད། གདོན་བགེགས་ཀྱི་བར་ཆད་སེལ་བ་དང་ཚེ་རིང་ཞིང་བཀྲ་ཤིས་པའི་རྟགས་མཚན་ཞིག་ཡིན་ཟེར།ཤྭ་ཁ་རི་བོ་མངའ་ཁོངས་སུ་ངོ་མཚར་ཆེ་བའི་གྲོག་རོང་དང་མཚེའུ།ཉམས་འགྱུར་འདྲ་མིན་སྣ་ཚོགས་ལྡན་པའི་རི་བོ།རིན་ཐང་ཆེ་བའི་སྐྱེ་དངོས་དང་སྨན་རིགས་སྣ་ཚོགས་ཡོད་པ་མ་ཟད།འཛམ་གླིང་སྟེང་རིགས་ཧ་ཅང་དཀོན་པའི་སྲོག་ཆགས་ཡང་མང་པོ་ཡོད་པ་རེད།ནམ་མཁའ་དང་།སྤྲིན་དཀར།སྤང་ཐང་།ནོར་ལུག རྫི་བོ་བྱིས་པ་བཅས་ཀྱིས་རང་བྱུང་ཁམས་ཀྱིས་བཀོད་པའི་རྣམ་པར་བཀྲ་བའི་རི་མོ་ཞིག་ཏུ་སྒྲུབ་ཡོད་པ་རེད།