རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-04-13   རྩོམ་ཁུངས།   
གནས་ཤུག་པ་རི་བོ་ནི་སེར་ཤུལ་རྫོང་གི་ཁྲོམ་གཟའ་འགབ་མ་ཤང་དུ་ཡོད།གནས་འདི་ན་ལྷ་སྐུ་དང་གཟུངས་སྔགས་ཁག་བཅུ་ཙམ་ཡོད།རྡོ་བརྐོས་ནང་ལ་ཐུ་བྷོད་རྒྱལ་རབས་ཡང་རྩེར་སོན་དུས་ཀྱི་མི་སྣའི་གཟུགས་བརྙན་དང་ལྷ་སྐུ།བྱ་རིགས།གནའ་བོའི་བོད་ཡིག་བརྡ་རྙིང་བཅས་ཡོད།དེ་དག་ལས་མིག་སྔར་ཤེས་ཐུབ་པ་ནི་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱི་སྐུ་དང་། ཁྲི་སྲོང་ལྡེ་བཙན་གྱི་སྐུ་རེད།