རྩོམ་པ་པོ།   ཉི་འོད།  ཡིག་བསྒྱུར།       དུས་ཚོད།   2017-04-13   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
རྨ་ཆུ་ནི་མཚོ་སྔོན་ཞིང་ཆེན་དཀྱིལ་རྒྱུད་ཀྱི་རི་བོ་བ་ཡན་ཧ་རིའི་རི་རྒྱུད་ནས་བཞུར་ཏེ་ནུབ་ནས་ཤར་དུ་འབབ་ཅིང་། སི་ཁྲོན་དང་ཀན་སུའུ་ཞིང་ཆེན་གཉིས་ཀྱི་འབྲེལ་མཚམས་ནས་འགག་འཕྲང་དོག་པོ་བརྒྱུད་དེ་འཁྱོག་པོར་བྱང་ཕྱོགས་སུ་རྒྱལ་ནང་གི་ལྗོངས་དང་ཞིང་ཆེན་དགུ་བརྒྱུད་མཐར་པོ་ཧེ་རྒྱ་མཚོར་ཆེན་པོ་རུ་འབབ། དེ་ནས་ལན་ཀྲུའུ་བརྒྱུད་ནས་བྱང་ཕྱོགས་ཀྱི་ས་བབ་ཅུང་དམའ་བ་ནས་བབས་ཏེ་ཉིང་ཞྭ་ཧུའུ་རིགས་རང་སྐྱོང་ལྗོངས་ཀྱི་མངའ་ཁོངས་སུ་སླེབས་པ་དང་མཐར་ཧྲན་ཤིས་ཧོ་ནན་པོ་ཧེ་རྒྱ་མཚོ་ཆེན་པོར་འབབ་བཞིན་ཡོད། ཆུ་བོ་འདི་རང་རྒྱལ་གྱི་ཆུ་ཀླུང་ཆེན་པོ་ཨང་གཉིས་པའི་གྲས་ཡིན་ལ་བཞུར་རྒྱུན་གྱི་རིང་ཚད་ལ་སྟོང་སྨི་5464ཙམ་ཡོད་པ་དང་། སྤྱིའི་འབབ་ཡུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་75442ལྷག་ཡོད། །
རྨ་ཆུ།
རྫ་ཆུ།
བོད་ཡུལ་གྱི་ཆུ་བོ་ཆེན་པོ་བཞིའི་ཡ་གྱལ་ཟླ་ཆུའམ་རྫ་ཆུ་ནི་མཚོ་སྔོན་ཞིང་ཆེན་རྫ་སྟོད་རྫོང་གི་ཕྱོགས་ནས་བཞུར་ཞིང་། རི་བོ་ཤྭ་ར་སྐྱ་ནས་བབས་ཏེ་ཆབ་མདོ་གྲོང་རྡལ་སོགས་ནས་སྨར་ཁམས་རྫོང་བརྒྱུད་དེ་ཡུན་ནན་དུ་བཞུར་རྗེས་མེ་ཀོང་གཙང་པོར་འདྲེས། དེ་ནས་འབར་མ་དང་ཐེ་ལན་དི། ལ་ཝོ་སི། ཁམ་བྷོ་དི་ཡ། ཝེད་ནམ་སོགས་རྒྱལ་ཁབ་མང་པོར་བརྒྱུད་མཐར་རྒྱ་མཚོ་ལྷོ་མར་འབབ་བཞིན་ཡོད། ཆུ་བོ་འདི་འཛམ་གླིང་གི་ཆུ་ཀླུང་ཆེན་པོ་ཨང་བཅུ་གཉིས་པ་དང་ཡ་གླིང་གི་ཆུ་ཀླུང་ཆེན་པོ་ཨང་བདུན་པ་ཡིན། རྫ་ཆུའི་བཞུར་རྒྱུན་གྱི་རིང་ཚད་ལ་སྤྱི་ལེ་2179དང་འབབ་ཡུལ་གྱི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ་ཁྲི་16.4ཙམ་ཟིན་ཡོད། །
འབྲི་ཆུ།
འབྲི་ཆུ་ནི་རང་རྒྱལ་གྱི་གཙང་པོ་ཆེས་རིང་ཤོས་དེ་ཡིན་ལ། གཙང་པོ་དེ་གདང་ལའི་རི་རྒྱུད་རྒྱ་ལ་རྩི་ཟླུམ་གྱི་ལྷོ་ནུབ་ཕྱོགས་ནས་བབས་ཏེ་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་དགུ་མདོ་དང་། བོད་ལྗོངས་དང་སི་ཁྲོན་གྱི་འབྲེལ་མཚམས་བརྒྱུད་དེ། མཐར་བོད་ལྗོངས་སྨར་ཁམས་རྫོང་དང་ཡུན་ནན་ས་ཁུལ་སོགས་བརྒྱུད་དེ་ཧྲང་ཧེ་རུ་རྒྱ་མཚོར་ཤར་མར་འབབ་བཞིན་ཡོད། ཆུ་བོ་འདིའི་བཞུར་རྒྱུན་གྱི་རིང་ཚད་ལ་སྤྱི་ལེ་6300ཙམ་དང་ཆུ་བོ་འབབ་ཡུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་180ཙམ་ཡོད། ཆུ་བོ་ཆེན་པོ་འདི་ནི་བྱང་ཕྱོགས་ནས་ལྷོ་ཕྱོགས་སུ་བབས་ཏེ་མཚོ་སྔོན་དང་སི་ཁྲོན་ནུབ་རྒྱུད་དུ་མ་སླེབས་བར་ས་མཐོའི་རི་རྒྱུད་ནས་འབབ་པའི་དབང་གིས་ཆུ་ཤུགས་ཆེ་ལ་འབབ་ཚད་ཀྱང་འགྱོགས། འབྲི་ཆུ་སི་ཁྲོན་གྱི་ཤར་རྒྱུད་ནས་ཧུའུ་པེ་དང་། ཧུའུ་ནན། ཅང་སུའུ་དང་ཅང་ཞི། ཨན་ཧུའེ་བཅས་ཞིང་ཆེན་མང་པོའི་སྒོ་གཤོང་མི་སྙོམས་པའི་ས་ཆུ་བརྒྱུད་དེ་ཅུང་ཟད་དལ་མོས་ངང་ནས་གཙང་ལག་མང་པོའི་ཆུ་དང་མཉམ་དུ་ཤར་རྒྱ་མཚོ་ཆེན་མོར་འབབ་བཞིན་ཡོད། །