སེམས་ཀྱི་ཉི་ཟླ་གྲོག་རོང་ཆེན་པོའི་གནས་སྐོར་མཚམས་སྦྱོར།

རྩོམ་པ་པོ།   མིགསལ།  ཡིག་བསྒྱུར།       དུས་ཚོད།   2017-04-13   རྩོམ་ཁུངས།   

    ཆེས་ལེགས་པའི་ཡུལ་སྐོར་དུས་ཚིགས།ལུགས་རྙིང་ཟླ12པའི་ཚེས15ཉིན་ནི་ཏན་ཁྲོན་བོད་རིགས་མི་དམངས་ཀྱིས་མཉམ་འཛོམས་བྱས་ནས་གླུ་གར་འཁྲབ་པའི་དུས་ཆེན་རེད།

འགྲིམ་འགྲུལ།

འགྲུལ་སྐྱེལ་རླངས་འཁོར།

སེམས་ཀྱི་ཉི་ཟླ་ནས་ཕྱག་ཕྲེང་གི་བར།ད་ལྟར་ཉིན་རེ་ལ་རྒྱུན་ཚིགས་རླངས་འཁོར་ཐེངས་གཅིག་ཡོད་དེ།སྔ་དྲོའི7:30རུ་སེམས་ཀྱི་ཉི་ཟླ་ནས་འཁོར་ལོ་གཏོང་རྒྱུ།

སེམས་ཀྱི་ཉི་ཟླ་ནས་འདབ་པའི་བར།ད་ལྟ་ཉིན་ལྟར་རྒྱུན་ཚིགས་རླངས་འཁོར་ཐེངས་གཅིག་ཡོད་དེ། སྔ་དྲོའི7:00རུ་སེམས་ཀྱི་ཉི་ཟླ་ནས་འཁོར་ལོ་གཏོང་རྒྱུ།

སེམས་ཀྱི་ཉི་ཟླ་ནས་གཏེར་མ་རོང་གི་བར།ཉིན་ལྟར་རྒྱུན་ཚིགས་རླངས་འཁོར་ཡོད་པ་དང་རླངས་འཁོར་གཏོང་བའི་དུས་ཚོད་མི་གསལ།

1.གོང་གསལ་གྱི་རྒྱུན་ཚིགས་རླངས་འཁོར་ཚང་མ་ཆུ་ཚོད་12ཡི་སྔ་རྗེས་སུ་པི་རང་གྲོགག་རོང་ཆེན་པོར་ཕེབས་རྒྱུ།

2.གལ་ཏེ་ཁྱོད་རང་ཉིན་དེར་སེམས་ཀྱི་ཉི་ཟླར་ལོག་རྒྱུ་ཡིན་ན།ངེས་པར་དུ་ཡ་ཚེས་ཆུ་ཚོད་14:30ཡི་སྔ་རྗེས་སུ་གྲོག་རོང་གི་སྒོ་ཁར་རླངས་འཁོར་སྒུག་དགོས།

3.གལ་ཏེ་ཕྱག་ཕྲེང་དང་འདབ་པར་འགྲོ་བསམ་ན།གྲོག་རོང་སྒོ་ཁའི་མགྲོན་ཁང་དུ་ཞག་གཅིག་བསྡད་ནས།ཕྱི་ཉིན་གྱི་ཕྱི་དྲོར་རྒྱུན་ཚིགས་རླངས་འཁོར་དུ་བསྡད་དེ་འགྲོ་ཆོག

བོགས་བླངས་རླངས་འཁོར།

སེམས་ཀྱི་ཉི་ཟླ་རྫོང་ནས་གྲོག་རོང་ཆེན་མོའི་བར་རླངས་འཁོར་བོགས་བླངས་བྱས་ནས།ཕར་འགྲོ་ཚུར་འོང་བྱེད་ཆོག་པ་སྟེ།ཕར་འགྲོ་བར་ཆུ་ཚོད་3དང་4དགོས་པ།གྲོང་རོང་ཆེན་པོར་ཆུ་ཚོད་2འགྲོ་དགོས།ཚུར་འོང་བར་ཆུ་ཚོད་3ནས་4དགོས་པ་རེད།