བདེ་ཆེན་དུ་ཏན་སྤྲེའུ་སྤུ་སེར་གྱི་སྤྲེའུ་ཕྲུག་སྐྱེ་རིམ་ཐོག་མར་པར་ལེན་ཐུབ་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-04-13   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

   སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཉེ་སྔོན།རི་སྐྱེལ་སོག་ཆགས་སྲུང་སྐྱོང་བྱེད་མིས་བདེ་ཆེན་ཁུལ་པད་མ་གངས་རིར་ཏན་སྤྲེའུ་སྤུ་སེར་གྱི་སྤྲེའུ་ཕྲུག་སྐྱེ་རིམ་ཐོག་མར་པར་ལེན་པ།ཏན་སྤྲེའུ་སྤུ་སེར་དང་དོམ་ཁྲ་ནི་ “རྒྱལ་ཁབ་ཀྱི་ནོར་བུ” རུ་བཞག་པ་དང་།སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བར་བསྟུན་ནས།གྲངས་ཚད་ཡང་ཇེ་མང་དུ་འཕར་བ་རེད། 

མིག་སྔར།སྤྲེའུ་ཕྲུག་འདིའི་ལུས་ཁམས་བདེ་ཐང་ཡིན་པ་དང་རང་མོས་ཀྱིས་བྱ་སྤྱོད་བྱེད་ཐུབ་པ་རེད།

བདེ་ཆེན་གྱི་ཏན་སྤྲེའུ་སྤུ་སེར་སྔོན་མའི་300ལྷག་ནས་ད་ལྟའི་1000ལྷག་ཏུ་འཕར་ཏེ། འཛམ་གླིང་ཡོངས་ཀྱི་བསྡོམས་གྲངས་ཀྱི་60%ཟིན་ཡོད།

ནགས་ལས་ཐིང་གི་འབྲེལ་ཡོད་མི་སྣས་ངོ་སྤྲོད་བྱས་ཚུལ་ལྟར་ན། འདི་ནི་ས་ཆ་དེ་གས་སྣོད་བཅུད་ལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་འབྲེལ་བ་དམ་པོ་ཡོད་དེ།བདེ་ཆེན་ཁུལ་གྱིས་རྒྱལ་ཁབ་ཀྱི་ “རང་བྱུང་ནགས་ཚལ་གྱི་སྲུང་སྐྱོང་ལས་གྲྭ” ལ་བསྟུན་ནས། ནགས་བཟོ་ཁེ་ལས་ཀྱི་ལས་བྱེད་པ་2000ནི་ཤིང་གཅོད་མི་སྣ་ནས་ཤིང་འཛུགས་མི་སྣ་དང་།ནགས་སྲུང་མི་སྣར་གྱུར་ཞིང་།སྟ་རེ་དང་སོག་ལེ་རི་ཁུལ་ནས་བབས་པ་དང་།རྐོ་མ་རི་ཁུལ་དུ་སྐྱོད་པརབརྒྱུད་ནས།རི་བོ་རེ་རེར་ཡང་བསྐྱར་ལྗང་མདོག་གིས་ཁེངས་པ་རེད།