ཆེ་དགྲ་ལྷས་བོད་ལྗོངས་ཀྱི་འཕེལ་རྒྱས་སྔར་བས་དྲོད་ཚད་ལྡན་པ་དང་དམངས་འཚོའི་བདེ་སྐྱིད་སྔར་བས

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-04-14   རྩོམ་ཁུངས།    མི་དམངས་དྲ་བ།


ཟླ་3ཚེས་10ཉིན།བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པའམ་བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་མི་དམངས་དྲ་བའི་བཅར་འདྲི་དང་ལེན་གནང་སྟེ"ས་གཙང་བོད་ལྗོངས་ཀྱི་འབྱུང་འགྱུར་འཕེལ་རྒྱས་འཆར་འགོད"ཀྱི་འབྲེལ་ཡོད་བརྗོད་གཞིའི་ཐད་དྲ་གྲོགས་དང་ཕན་ཚུན་སྤེལ་རེས་གནང་བ་རེད།

2016ལོའི་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་དོ་ཁུར་ཟབ་མོ་ཐོབ་ཡོད།ཆེ་དགྲ་ལྷས་འདས་ཟིན་པའི་ལོ་དེའི་ནང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་དང་རྒྱལ་ཡོངས་ཀྱི་རོགས་སྐྱོར་ཤུགས་ཆེན་འོག་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་གསར་འབྱེད་གསར་གཏོད་དང་།དམ་པ་དོན་གཉེར།དངོས་འཛིན་དངོས་སྒྲུབ་བཅས་བྱས་པས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མགྱོགས་པ་དང་འཕེལ་རྒྱས་ཀྱི་ཕན་འབྲས་ཡག་པོ་བྱུང་ཐོག་གངས་ལྗོངས་ས་མཐོར་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་འགྲོ་བ་དང་རྒྱལ་སྲིད་དར་ཞིང་མི་སེམས་མཐུན་པའི་རྣམ་པ་བཟང་པོ་ཞིག་མངོན་ནས་རྒྱལ་ཡོངས་མི་དམངས་ལ་བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་ཕུལ་ཡོད་ཅེས་གསུངས་པ་རེད།

བོད་ལྗོངས་ཀྱི་འབྱུང་འགྱུར་ལོ་ཁ་ཤས་ཀྱི་འཕེལ་རྒྱས་སྐོར་གླེང་སྐབས་ཆེ་དགྲ་ལྷས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་པ་དང་སྲོག་ཤིང་ལ་གོང་བཀུར་དང་།ཡིད་ཆེས།ལྷག་བསམ་རྣམ་དགསྲུང་སྐྱོབ་བཅས་བྱས་ཏེ་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་མཛད་ཕྱོགས་སྲིད་ཇུས་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱེད་པ་དང་ཆབས་ཅིགབོད་ཀྱི་དོན་དངོས་གཞི་ཚུགས་ཏེ་གསར་གཏོད་འཕེལ་རྒྱས་གཏོང་བ་དང་བྱས་པའི་རྗེས་དང་དྲུས་པའི་ཤུལ་གྱི་ངར་ཤུགས་ལ་བརྟེན་ནས་མུ་མཐུད་ལས་དོན་སྤེལ་བ་དང་།དོན་འཁྱོལ་ལ་དམ་འཛིན།གྲུབ་འབྲས་ཐོན་པ་བཅས་བྱས་ཏེ་བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་ཟམ་མི་ཆད་པར་སྐུལ་འདེད་བཏང་ནས་2020ལོར་སླེབས་སྐབས་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་འགན་ལེན་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

སློབ་གསོའི་ཞན་ཆ་གསབ་པའི་སྐོར་གླེང་སྐབས་ཆེ་དགྲ་ལྷས་སློབ་གསོའི་སྤུས་ཚད་མཐོ་རུ་གཏོང་བའི་འགག་རྩ་ནི་དགེ་རྒན་ཡིན་ཞིང་།སློབ་ཁྲིད་ཀྱི་ཆུ་ཚད་མཐོ་བའི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུ་དེ་ནི་བོད་ཀྱི་སློབ་གསོ་འཕེལ་རྒྱས་གཏོང་བའི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་ཞིག་རེད།དེར་བརྟེན་རང་སྐྱོང་ལྗོངས་ཀྱིས་སློབ་གསོའིཚོགས་སྒྲིག་རྣམ་པའིབོད་སྐྱོར་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་སློབ་སྤྱིའི་དཔུང་ཁག་དང་།ཚན་ཞིབ་དཔུང་ཁགདགེ་རྒན་དཔུང་ཁག་བཅས་འཛུགས་རྒྱུར་མཐོང་ཆེན་བྱེད་པ་དང་ཆབས་ཅིག བོད་ཀྱི་རོགས་སྐྱོར་ཐོབ་ཡུལ་སློབ་གྲྭ་དང་ནང་སའི་སློབ་གྲྭའི་དབར་སྤུས་ལེགས་སློབ་གསོའི་ཐོན་ཁུངས་མཉམ་སྤྱོད་བྱེད་པའི་རྒྱུན་རྣམ་ཅན་གྱི་ལམ་སྲོལ་བཙུགས་ཐོག་བོད་ཀྱི་རྫོང་དང་ཤང་གི་སློབ་གྲྭ་འབྲིང་ཆུང་གི་སྣེ་ཁྲིད་དེ་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་བོད་ཀྱི་རྨང་གཞིའི་སློབ་གསོའི་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་སྟེ་ལེགས་ཐོག་ལེགས་བརྩོན་གྱི་བཟོ་བའི་སྙིང་སྟོབས་ཐོག་ནསཁྱིམ་གྱི་སྒོ་རྩའི་ནང་སའི་བོད་ལྗོངས་འཛིན་གྲྭའཛུགས་རྒྱུ་ཡིན་ཞེས་གསུངས་པ་རེད།

ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་སྐོར་གླེང་སྐབས་ཆེ་དགྲ་ལྷས་བོད་ཀྱི་ཁྲོམ་ར་འཕེལ་རྒྱས་ཀྱི་ཆུ་ཚད་དམའ་ཙམ་ཡོད་པས་འཆར་གཞིའི་དཔལ་འབྱོར་གྱི་རྗེས་ཤུལ་ཆེ་ཙམ་ཡོད།དེར་བརྟེན་ང་ཚོསརང་རྟེནནུས་པ་ཆེ་རུ་དང་མང་ཚོགས་ལས་ཞུགས་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ཏེ་ཁྲོམ་རའི་གཙོ་ཁྲིད་དང་སྲིད་གཞུང་གི་ཁྲིད་སྟོན་མཐའ་འཁྱོངས་བྱེད་པ་དང་།ཐོན་ལས་འཁོར་འབྲེལ་གྱི་གྲུབ་ཆ་ལེགས་སྒྲིག་བྱེད་པ།གཞུང་ཁོངས་ཁེ་ལས་རྒྱ་སྟོབས་ཆེ་རུ་དང་ལེགས་སུ་གཏོང་བ།ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད།དམ་ལྷོད་ཟུང་འབྲེལ།ཞབས་ཞུ་ལེགས་སུ་གཏོང་བ།སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་གྱི་གསོན་ཤུགས་འཕེལ་བ་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ལ་སྒྱུར་བཅོས་ཁྲོད་ནས་ཁེ་ཕན་དེ་བས་མང་བ་ཐོབ་པ་དང་དཔལ་འབྱོར་འཕེལ་རྒྱས་འཁོར་རྒྱུག་ཡག་པོ་ཡོང་བ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

མཇུག་ཏུ་ཆེ་དགྲ་ལྷས་བོད་དུ་འཛམ་གླིང་གི་ཡུལ་སྐོར་ཐོན་ཁུངས་རྩེ་གྲ་ཡོད་ལ་སྤྱི་ལེ་ངོས་གྲུ་ཁྲི་120ཡོད་པའི་ས་གཞི་དེའི་ཐོག་འཛམ་གླིང་གི་མཚར་སྡུག་ཆེ་ཤོས་ཀྱི་ཉི་འོད་དང་དྭངས་ཤིང་གཙང་བའི་ཆུ་ཁུངས་དང་ད་དུང་རི་བོ་མཐོ་ཤོས་ཇོ་མོ་གླང་མ་ཡང་ཡོད།ལོ་གཅིག་དུས་བཞི་ཚོན་མདོག་རྣམ་པར་བཀྲ་བ་དང་ངོ་མཚར་ཤིན་ཏུ་ཆེ་བས་ང་ཚོས་ཡུལ་སྐོར་གྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་ཤུགས་སྣོན་བརྒྱབ་ནས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་སྤུས་ལེགས་ཀྱི་ཡུལ་སྐོར་ཞབས་ཞུའི་ཁོར་ཡུག་བཏོད་དེ་གནམ་འོག་ཡུལ་སྐོར་བ་བོད་དུ་འཁྱགས་རོམ་དང་།མཚོ་མཚེའུ།རྩྭ་ཐང་།ནགས་ཚལ་བཅས་ཀྱི་མཛེས་སྡུག་དང་མི་ཡུལ་གྱི་གནས་མཆོག་དང་མཁའ་དབྱིངས་ཀྱི་བོད་ལྗོངས་ཀྱི་ཡིད་དབང་འཕྲོག་ཤུགས་ཉམས་སུ་མྱོང་བར་ཕེབས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

བཅར་འདྲི་མ་བྱས་གོང་། ཆེ་དགྲ་ལྷས་ད་དུང་མི་དམངས་ཉིན་རེའི་ཚགས་པར་ཁང་གི་ཧྲེ་ཀྲང་དབྱང་ཀྲེན་ཝུའུ་དང་མཉམ་དུ་བོད་འབྲེལ་གསར་འགྱུར་དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྲོས་མོལ་གནང་བ་རེད།