“རྒྱུན་འཁྱོངས་བཞི”ལ་བརྟེན་ནས་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་དཔེ་སྟོན་ཁུལ་བཙུགས་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-04-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

     སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། རང་ཁུལ་འདི་ཉིད་རྒྱལ་ཡོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་དཔེ་སྟོན་ཁུལ་དུ་འཇུག་པའི་ཚུན་དུ།རང་ཁུལ་གྱི་རིམ་པ་སོ་སོའི་ནགས་ལས་གཙོ་གཉེར་སྡེ་ཁག་གིས་ནགས་ཚལ་གྱི་སྐྱེ་ཁམས་སྲུང་སྐྱོང་བྱེད་རྒྱུ་གཙོ་བོར་འཛིན་ནས།ནགས་ལས་ཀྱི་བསྒྱུར་བཅོས་དང་འཕེལ་རྒྱས་ཀྱི་ལས་ཀ་ཁག་སྒྲིག་འཛུགས་བྱས་པ་དང་བྱེད་འགོ་ཚུགས་པ་རེད།

      འཕེལ་རྒྱས་ཀྱི་འདུ་ཤེས་ཆེན་པོ་ལྔ་རྒྱུན་འཁྱོངས་བྱས་པ།སྐྱེ་ཁམས་འཛུགས་སྐྲུན་བྱེད་པའི་ཁྲོད་དུ།རང་ཁུལ་གྱི་ནགས་ལས་སྡེ་ཁག་གིས་ཕྱོགས་ཡོངས་ནས་ཏང་ཀྲུང་དབྱང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སྐོར་གྱི་གལ་ཆེའི་བཀོད་སྒྲིག་དོན་འཁྱོལ་མཐའ་ཕྱིན་བྱས་པ་དང་འཕེལ་རྒྱལ་ཀྱི་འདུ་ཤེས་ཆེན་པོ་ལྔ་རྒྱུན་འཁྱོངས་བྱས་པ།སྔར་ལས་ལྷག་པར་ཁུལ་ཡོངས་ཀྱི་ནགས་ཚལ་ལས་ཀའི་འཕེལ་རྒྱས་བསམ་ཕྱོགས་གསལ་པོ་བྱས་ནས།སྐྱེ་ཁམས་ཀྱི་ནགས་ལས་དང་དམངས་འཚོའི་ནགས་ལས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ཡོད།

      སྐྱེ་ཁམས་ལ་བརྟེན་ནས་ཁུལ་འཛུགས་པའི་ཐབས་ཇུས་རྒྱུན་འཁྱོངས་བྱས་པ།ལོ་ལྔ་ཚན་བཅུ་གཉིས་པའི་སྐབས་སུ་ནགས་ལས་སྲིད་འཛིན་གྱི་གྱོད་དོན་ཁྱོན་བསྡོམས་844ཞིབ་བཤེར་ཐག་གཅོད་བྱས་པ་དང་རང་བྱུང་ནགས་ཚལ་མུའུ་ཁྲི་2826དོ་དམ་དང་སྲུང་སྐྱོང་བྱས་པ།ནགས་ལས་གནོད་ཡོད་སྐྱེ་དངོས་ཀྱི་འགོག་བཅོས་བྱས་ཚད་98%ཡན་ལ་ཟིན་པ།ལྟ་ཞིབ་ཚད་ལེན་གྱི་ཁེབས་ཚད་94%ལ་ཟིན་པ།ཤིང་ཕྲུག་མུའུ་ཁྲི་107.28བཙུགས་པ།རི་ཁུལ་སྐྱེ་ཁམས་མུའུ་ཁྲི་12བདག་སྐྱོང་བྱས་པ།རྡོ་བྱེ་ཅན་དུ་གྱུར་བའི་མུའུ་ཁྲི་19.63བདག་སྐྱོང་བྱས་པ།ཁྱིམ་དུད་11400ཡི་རྫབ་རླངས་རྫིང་བུ་འཛུགས་སྐྲུན་དེ་ལེགས་གྲུབ་བྱུང་བ།ཁྱིམ་དུད་12800ཡི་ཤིང་བསྲིའི་ཐབ་ཀ་དང་ཉི་ནུས་འཕྲུལ་ཆས་11499བཙུགས་ཡོད་པ་རེད།

      བཅའ་ཁྲིམས་ལ་བརྟེན་ནས་ནགས་ཚལ་སྐྱོང་བར་རྒྱུན་འཁྱོངས་བྱས་པ།ཉེ་བའི་ལོ་འགའི་རིང་།རང་ཁུལ་གྱི་རིམ་པ་སོ་སོའི་ནགས་ལས་སྡེ་ཁག་གིས་བཅའ་ཁྲིམས་ལ་བརྟེན་ནས་ནགས་ཚལ་སྐྱོང་བར་རྒྱུན་འཁྱོངས་བྱས་ནས།ནགས་ཚལ་དོ་དམ་སྲུང་སྐྱོང་གི་ལམ་ལུགས་དང་སྐྱེ་ཁམས་སྲུང་སྐྱོང་གི་ཚད་གཞི་གང་མགྱོགས་ཀྱིས་གཏན་འབེབས་བྱས་པ་དང་འཐུས་ཚང་དུ་བཏང་ཞིང་།བཅའ་ཁྲིམས་ལ་བརྟེན་ནས་བདེ་འཇགས་ཀྱི་ནགས་ཁུལ་བཙུགས་པ་དང་།ནགས་ཚལ་སྤྱི་བདེ་དངོས་གཞི་ཅན་གྱི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་བ་རེད།

      ནགས་ལས་བསྒྱུར་བཅོས་གཏིང་ཟབ་ཏུ་བཏང་བར་རྒྱུན་འཁྱོངས་བྱས་པ།རང་ཁུལ་གྱིས་ནགས་དབང་དོ་དམ་གྱི་ལྟེ་གནས་དང་ནགས་དབང་གི་ཕྱོགས་བསྡུས་དོ་དམ་གྱི་ཉོ་ཚོང་མ་ལག་བཙུགས་ནས།ནགས་དབང་གི་རྒྱུན་འཁོར་ཉོ་ཚོང་ཚོང་རའི་འཛུགས་སྐྲུན་དང་ནགས་དབང་གི་སྤྱི་ཚོགས་ཅན་གྱི་ཞབས་འདེགས་ལ་སྐུལ་འདེད་བཏང་བ་དང་།ཐོག་མར་ཀུང་སི་གནས་གཞི་ཞིང་དུདཀྱི་རྣམ་པ་གསར་པའི་ཚོང་གཉེར་བྱེད་པའི་འཕེལ་རྒྱས་ཐབས་ལམ་འཚོལ་ཞིབ་བྱས་པ།དུས་ཐོག་ཏུ་ནགས་ཚལ་སྐྱེ་ཁམས་ཀྱི་ཕན་ནུས་ཁ་གསབ་སྤྲོད་པའི་ལས་ཀ་བྱེད་འགོ་ཚུགས་པ།སྔར་ལས་ལྷག་པར་མང་ཚོགས་ཀྱི་སྐྱེ་ཁམས་འཛུགས་སྐྲུན་གྱི་ཡོང་འབབ་མཐོ་རུ་འཕར་ཡོད།ལོ་ལྔ་ཚན་བཅུ་གཉིས་པའི་སྐབས་སུ།སྡེབ་རྩིས་ལྟར་ན་ཁ་གསབ་རོགས་དངུལ་ཁྱོན་བསྡོམས་སྒོར་དུང་ཕྱུར་5.36བཏང་བ་དང་།ནགས་ཞིང་ལག་རྩལ་མི་སྣ་མི་ཐེངས་14037གསོ་སྐྱོང་བྱས་པ།ནགས་ཞིང་ཆེད་ལས་མཉམ་ལས་ཧྲི་479བཙུགས་ཡོད་པ་དང་།ནགས་དབང་གི་གཏའ་འཇོག་དངུལ་བུན་མེད་པ་ནས་ད་ལྟ་རིམ་བསགས་ཀྱིས་རྩིས་ན་སྒོར་ཁྲི་960ཟིན་པ་རེད།