བདེ་ཆེན་གྱིས་གླིང་གེ་སར་རྒྱལ་པོའི་སྲོལ་རྒྱུན་མདའ་འཕེན་འགྲན་བསྡུར་བསྡུས།

རྩོམ་པ་པོ།   པད་མ་ཚེ་རིང་།  ཡིག་བསྒྱུར།       དུས་ཚོད།   2017-05-04   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ4པའི་ཚེས30ཉིན་ནས་ཟླ5པའི་ཚེས1ཉིན།བདེ་ཆེན་ཁུལ་གྱི་སྐབས་དང་པོའི་གླིང་གེ་སར་རྒྱལ་པོའི་སྲོལ་རྒྱུན་མདའ་འཕེན་འགྲན་བསྡུར་དེ་རིགས་ལམ་གྲོག་རོང་སྦྲ་གུར་གཞིས་ཀ་རུ་བསྡུས་པ།ཁུལ་ཡོངས་ཀྱི་རྫོང་དང་གྲོང་ཁྱེར་སོ་སོ་དང་།ཁུལ་རིམ་པའི་སྡེ་ཁག་སོ་སོ།ཁེ་ལས་ཚོགས་པ་དང་བཅའ་སྡོད་དཔུང་སྡེ་སོགས་ནས་གྲུབ་པའི་འཐུས་ཚབ་རུ་ཁག11ཐེངས་འདིའི་འགྲན་བསྡུར་དུ་ཞུགས་པ་རེད།


འགོ་ཚུགས་མཛད་སྒོར་ཞུགས་པ།

    ཐེངས་འདིའི་འགྲན་བསྡུར་ནི་ཁུལ་སྤྱི་ཁྱབ་བཟོ་ཚོགས་དང་ཁུལ་རིག་གནས་ལུས་རྩལ་རྒྱང་བསྒྲགས་བརྙན་འཕྲིན་གསར་འགྱུར་གྱིས་གཙོ་སྒྲུབ་གནང་བ་དང་།ཁུལ་རྡོ་ཐ་ཆེད་ཚོང་ཅུས་དང་རིགས་ལམ་གྲོག་རོང་སྦྲ་གུར་གཞིས་ཀ།ལན་ཐུའུ་ཕྱི་རོལ་སྤྲོ་སྐྱིད་ཁང་བཅས་ཀྱིས་སྒྲུབ་འགན་འཁུར་བ་རེད།ཁུལ་ན་གཞོན་ལུས་རྩལ་སློབ་གྲྭ་དང་སེམས་ཀྱི་ཉི་ཟླ་གེ་སར་མདའ་འཕེན་མཉམ་སྤྲོ་ཁང་།འཇོལ་རྫོང་ཁ་བ་དཀར་པོ་མདའ་འཕེན་མཐུན་ཚོགས།སེམས་ཀྱི་ཉི་ཟླ་བསམ་འགྲུབ་མདའ་གྲོགས་མཐུན་ཚོགས་བཅས་གྱིས་གཞོགས་འདེགས་བྱས་པ་རེད།






འགྲན་བསྡུར་གྱི་ཡུལ་དངོས།


མདའ་རྩིས་རྒྱག་པ།

རྒྱུས་ལོན་བྱུང་བ་ལྟར་ན།ཐེངས་འདིའི་སྲོལ་རྒྱུན་མདའ་འཕེན་འགྲན་བསྡུར་དུ་སྐྱེས་པའི་མི་སྒེར་གྱི་མིང་རིམ་འགྲན་བསྡུར་དང་།སྐྱེས་པའི་མི་སྒེར་གྱི་འགྲན་བསྡུར།སྐྱེས་པའི་ཚོགས་པའི་འགྲན་བསྡུར་བཅས་ཀྱི་འགྲན་བསྡུར་རྣམ་གྲངས་བགར་ཡོད་པ་རེད།


འགོ་ཁྲིད་ཀྱིས་ཚོགས་པའི་འགྲན་བསྡུར་གྱི་ཨང་དང་པོ་ཐོབ་མཁན་ལ་བྱ་དགའ་གནང་བ།

དུས་ཡུན་ཉིན་གཅིག་དང་ཕྱེད་ཀའི་འགྲན་བསྡུར་བྱས་པ་བརྒྱུད།གྲོང་ཁྱེར་འཛུགས་སྐྲུན་དང་འགྲིམ་འགྲུལ་འཆར་འགོད་མ་ལག་འཐུས་མི་རུ་ཁག་གིས་སྐྱེས་པའི་ཚོགས་པའི་འགྲན་བསྡུར་གྱི་བྱ་དགའ་ཨང་དང་པོ་བླངས་པ་དང་།ནོར་བུ་ཚེ་རིང་ལ་མི་སྒེར་འགྲན་བསྡུར་གྱི་བྱ་དགའ་ཨང་དང་པོ་ཐོབ་པ།ལི་ཅན་གོ་ལ་མི་སྒེར་མིང་རིམ་འགྲན་བསྡུར་གྱི་བྱ་དགའ་ཨང་དང་པོ་ཐོབ་པ་རེད།


ཡུལ་དངོས་ཀྱི་ལྟད་མོ་བ།