རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-05-11   རྩོམ་ཁུངས།    མི་དམངས་དྲ་བ།
2017ལོའི་ཀྲུང་གོའི་མཚོ་སྔོན་གྱི་སྐབས་དང་པོའི་རྒྱལ་ཁབ་བཞིའི་སྐྱེས་པའི་ལག་རྩེད་སྤོ་ལོའི་སྤྱན་སྦིར་རྒྱལ་ཕམ་ཐག་གཅོད་འགྲན་བསྡུར་དེ་ཟླ་5ཚེས་13ཉིན“ས་མཐོའི་ལག་རྩེད་སྤོ་ལོའི་ཕ་ཡུལ”ཞེས་གྲགས་པའི་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་གྱི་ཡ་རྫིརྫོང་དུ་གཉེར་རྒྱུ་ཡིན་པ་རེད།
མཚོ་སྔོན་ཞིང་ཆེན་ལག་རྩེད་སྤོ་ལོའི་ལུས་རྩལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཀུའོ་ཡུང་ཧྥུང་གིས་འགྲན་བསྡུར་ཟླ་5ཚེས་13ཉིན་ནས་ཚེས་18ཉིན་བར་གཉེར་རྒྱུ་ཡིན་ལ། དེའི་རིང་ད་དུང་སྤོར་བླུག་འགྲན་བསྡུར་ཆེ་མོ་དང་། སྐར་གསུམ་ཐིག་གི་སྤོ་ལོའི་འགྲན་བསྡུར་ཆེ་མོ་བྱ་རྒྱུ་ཡིན། སྐབས་འདིའི་འགྲན་བསྡུར་ལ་ལི་ཐུ་ཝན་གྱི་སི་ལུའུ་ཐེ་སྤྲོ་ཁང་གི་སྐྱེས་པའི་ལག་རྩེད་སྤོ་ལོའི་རུ་ཁག་དང་། ཨུ་རུ་སུའི་སི་པ་ཏཱ་ཁེ་སྤྲོ་ཁང་གི་སྐྱེས་པའི་ལག་རྩེད་སྤོ་ལོའི་རུ་ཁག སི་ཕེན་གྱི་སྤྱན་སྦིར་བའི་སྤྲོ་ཁང་གི་སྐྱེས་པའི་ལག་རྩེད་སྤོ་ལོའི་རུ་ཁག ཨ་རིའི“མཚོ་དམག་དམག་སྤྱི་ཆེ་མོའི”སྤྲོ་ཁང་གི་ལས་རིགས་ལག་རྩེད་སྤོ་ལོའི་རུ་ཁག་བཅས་རུ་ཁག་བཞི་གདན་འདྲེན་ཞུས་ཡོད་ཅེས་བརྗོད་པ་རེད།
མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་ཀྲང་ཉིང་གིས་རྒྱལ་ཕམ་ཐག་གཅོད་འགྲན་བསྡུར་ལ་བརྟེན་ནས་མཚོ་སྔོན་ཞིང་ཆེན་གྱི་ལག་རྩེད་སྤོ་ལོའི་ཁྲོམ་ར་འཁྲུག་ཏུ་གཏོང་བ་དང་། ཞིང་ཆེན་ཡོངས་ཀྱི་མང་ཚོགས་རང་བཞིན་གྱི་ལུས་རྩལ་བྱེད་སྒོ་སྤེལ་བར་སྐུལ་འདེད་གཏོང་བ། མཚོ་སྔོན་རྒྱལ་སྤྱིའི་ཐོག་སྐད་གྲགས་ཆོད་ཚད་ཆེ་རུ་གཏོང་བ་བཅས་ལ་དགེ་མཚན་ལྡན་པའི་སྐུལ་འདེད་ཀྱི་ནུས་པ་ཐོན་རྒྱུ་རེད་ཅེས་བརྗོད་པ་རེད།