སེམས་ཀྱི་ཉི་ཟླར་གསར་དུ་བྱུང་བའི་ཆང་ལས།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-05-22   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

       སེམས་ཀྱི་ཉི་ཟླའི་ཆང་ལས་མ་རྐང་ཚད་ཡོད་ཀུང་སི་ནི་སྤྱི་ལོ2000ལོར་བཙུགས་ཤིང་། བོད་ཁུལ་གྱི་ཁྱད་ལྡན་ཐོན་ཁུངས་ནས་དང་རྒུན་འབྲུམ་གྱི་ལས་སྣོན་འཕེལ་རྒྱས་ལ་ཞིབ་འཇུག་གསར་སྤེལ་བྱས་ཏེ།  ཚད་མཐོ་ས་ནས་བོད་ཁུལ་གྱི་ཐོན་ཁུངས་བེད་སྤྱོད་རིན་ཐང་དང་ཟུར་སྣོན་རིན་ཐང་ཇེ་མཐོར་གཏོང་བར་ཧུར་བརྩོན་བྱེད་པ་དང་།  རྒུན་ཆང་དང་ནས་ཆང་གི་ཐོན་རྫས་གསར་སྤེལ་དང་།  ཐོན་སྐྱེད།  ཕྱིར་འཚོང་།  རྒྱུ་ཆའི་རྟེན་གཞི་གསོ་སྐྱོང་བྱེད་པའི་ཀུང་སི་ཞིག་ཡིན་པ་མ་ཟད།  བདེ་ཆེན་ཁུལ་གྱི་འཕེལ་རྒྱས་ཆེས་མགྱོགས་ཤིང་།    སྤྱི་ཚོགས་ལ་ཕན་འབྲས་ཐོགས་ཚད་ཆེས་ཆེ་བའི་ཞིང་ལས་ཐོན་ལས་ཅན་གྱི་ཁེ་ལས་གཙོ་བོའི་གྲས་ཤིག་ཀྱང་ཡིན།  ཀུང་སིས་མུ་མཐུད་ནས་འཕེལ་རྒྱས་གཏོང་བའི་རྨང་གཞིའི་ཐོག     སྤྱི་ཚོགས་ལ་དྲིན་ལན་འཇལ་རྒྱུ་ཡང་མི་བརྗེད་པར་རང་ཁུལ་གྱི་བརྟན་བརླིང་འཕེལ་རྒྱས་དང་དབུལ་སྐྱོར་ལས་ཀའི་ཐད་དཔེ་བཟང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ཡོད།

 



        ས་གནས་ཀྱི་སྣེ་འདྲེན་ཁེ་ལས་ཤིག་ཡིན་པའི་ཆ་ནས་སེམས་ཀྱི་ཉི་ཟླའི་ཆང་ལས་ཀྱིས་རང་ངོས་ཀྱི་ཞིང་ལས་ཐོན་ལས་ཅན་གྱི་ལེགས་ཆ་བེད་སྤྱོད་བྱས་ནས།ལས་མི་བཀོལ་སྤྱོད་དང་། རྒྱུ་ཆ་ཉོ་སྒྲུབ། ཐོན་ཁུངས་འཁོར་རྒྱུག་བེད་སྤྱོད་སོགས་དབུལ་ཕོངས་མང་ཚོགས་ཀྱི་རོགས་སྐྱོར་ཐད་ལ་ཁ་ཕྱོགས་ནས་ཧུར་ཐག་གིས་ཐོན་ལས་ས་ཁུལ་གཅིག་གི་སྣེ་ཁྲིད་པ་དང་། ས་ཁུལ་གཅིག་གི་དཔལ་འབྱོར་དར་སྤེལ་གཏོང་བ།  ས་ཁུལ་གཅིག་གི་མང་ཚོགས་ཕྱུག་པོར་གཏོང་བའི་དམིགས་འབེན་མངོན་འགྱུར་བྱུང་བར་སྣེ་ཁྲིད་ཀྱི་ནུས་པ་བཏོན་ཡོད།  ཆ་རྐྱེན་ཅུང་ཞན་པའི་གྲོང་ཚོའི་རྒུན་འབྲུམ་ཐོན་ལས་གོང་འཕེལ་བཏང་སྟེ་ཐད་ཀར་ཞིང་དུད་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱས་ཡོད།  བདེ་ཆེན་གྱི་རྒུན་འབྲུམ་ཐོན་ལས་འཕེལ་རྒྱས་ཡོང་ཆེད།  ས་གནས་མང་ཚོགས་ཀྱི་དེ་སྔའི་རྨོ་འདེབས་རྣམ་པར་ལེགས་བཅོས་བཏང་ནས་བླང་བྱ་དང་མཐུན་པའི་ཐོན་རྫས་གསར་སྤེལ་བྱས་ཡོད།  2016ལོར་ཀུང་སིས་རྒུན་འབྲུམ་གྱི་སྡོང་ཕྲུག་ནང་འདྲེན་དང་གསོ་སྤེལ་བྱེད་པའི་ཕྱོགས་ལ་སྔ་རྗེས་སུ་མ་དངུལ་སྒོར་ཁྲི1300ལྷག་བཏང་ལ་བྱང་ནུབ་ཞིང་ནགས་ཚན་རྩལ་སློབ་ཆེན་དང་།ཀྲུང་གོའི་ཞིང་ལས་སློབ་ཆེན།    ཡུན་ནན་ཞིང་ལས་སློབ་ཆེན་སོགས་རྒྱལ་ཁབ་ཕྱི་ནང་གི་རྒུན་འབྲུམ་འདེབས་འཛུགས་རིགསགཅིག་མཁས་ཅན་སོགས་དང་མཉམ་ལས་བྱས་ནས་ཆང་བསྙལ་བའི་ཆུ་ཚད་ཇེ་བཟང་དུ་བཏང་ཡོད།  





       དུས་མཚུངས་སུ་ཀུང་སིས་ཟམ་མི་ཆད་པར་ཐོན་རྫས་ཀྱི་སྣ་ཁ་ཇེ་མང་དུ་བཏང་སྟེ་ནས་ཀྱི་བསྡུ་ཉོའི་རིན་གོང་ཡང་སྤྱི་རྒྱ་རེར་སྒོར་ཟུར་འགའ་ཡིན་པ་ནས་ད་ལྟ་སྒོར4ལ་སྤར་ཡོད་ཅིང་།  ནས་ཀྱི་ཐོན་འབབ་ནི་དེ་སྔའི་མུའུ་རེར་རྒྱ་མ་ཉིས་བརྒྱ་སུམ་བརྒྱ་ནས་ད་ལྟའི་རྒྱ་མ་དྲུག་བརྒྱ་ཡན་འཕར་སྣོན་བྱུང་དུ་བཅུག་ཡོད།   དེར་མ་ཟད་ཀུང་སིས་ལས་སྣོན་ནུས་པ་ཇེ་མཐོར་བཏང་ནས་རྒུན་འབྲུམ་དང་ནས་འདེབས་མཁན་གྱི་ཁྱིམ་ཚང་ལ་བརྟན་འཇགས་ཀྱི་ཡོང་སྒོ་ཡོང་བར་འགན་སྲུང་བྱས་ཡོད།  འཇོལ་རྫོང་ལྕང་ནང་སྟེང་གི་འདེབས་འཛུགས་ལས་རིགས་གཉེར་མཁན་དབང་འདུས་སོགས་དུད་ཁྱིམ་ཁ་ཤས་ཀྱི་ལོ་རེའི་རྒུན་འབྲུམ་རྐྱང་བའི་ཡོང་འབབ་ནི་སྒོར་ཁྲི10ལྷག་ལ་ཟིན་ཡོད།   
      ལོ་ངོ་བཅུ་ལྷག་གི་ནང་འདྲེན་ཚོད་ལྟ་དང་འཕེལ་རྒྱས་ཁྱབ་སྤེལ་་བཏང་མཐར། 2016ལོའི་བར་འཇོལ་རྫོང་དུ་རྒུན་འབྲུམ་འདེབས་འཛུགས་རྒྱ་ཁྱོན་མུའུ13000ལྷག་ཟིན་ཡོད་པ་དང་།  འཇོལ་རྫོང་གི་ཞིང་དུད་ཕྱུག་འགྱུར་ཡོང་བའི་ཐོན་ལས་བཟང་བོ་ཞིག་ཏུ་གྱུར་ཡོད།  འཇོལ་རྫོང་གི་ཤང4དང་གྲོང་རྡལ2 གྲོང་མི་ཨུ་ཡོན་ལྷན་ཁང24ཡི་ཚོ་ཆུང133ལ་འདེབས་འཛུགས་འཕེལ་རྒྱས་བྱུང་ནས་དུད་ཁྱིམ2800ཡི་ཁྱིམ་པ་ཁྲི་གཉིས་ལྷག་ལ་སྣེ་ཁྲིད་ཀྱི་ནུས་པ་ཐོན་ཡོད།  2016ལོར་ཀུང་སིས་རྒུན་འབྲུམ་ཉོ་སྒྲུབ་ཀྱི་ཕྱོགས་ལ་ཐད་ཀར་མ་དངུལ་སྒོར་ཁྲི1500ལྷག་བཏང་ཡོད་པ་དང་།    དེར་མ་ཟད་ད་དུང་སི་ཁྲོན་སྡེ་རོང་རྫོང་གི་ཤང་དང་གྲོང་རྡལ12ལ་རྒུན་འབྲུམ་མུའུ5000དང་།  བོད་ལྗོངས་སྨར་ཁམས་རྫོང་དུ་རྒུན་འབྲུམ་མུའུ3000 སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་རྒུན་འབྲུམ་མུའུ500  འབའ་ལུང་རྫོང་དུ་རྒུན་འབྲུམ་མུའུ2000ལྷག་འདེབས་པར་སྐུལ་ཁྲིད་བྱས་ཡོད།   
      སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་ནས་འགན་འཁྲི་ཡོད་པའི་ཁེ་ལས་ཤིག་བྱེད་པ་ནི་སེམས་ཀྱི་ཉི་ཟླ་ཆང་ལས་ཀུང་སིས་ལོ་མང་བོའི་རིང་རྒྱུན་འཁྱོངས་བྱས་ཡོད་པའི་རང་རྟོགས་ཀྱི་བྱ་སྐྱོད་ཅིག་ཡིན།   ལས་བཟོ་པ་བསྡུ་པའི་དུས་སུ་ཡང་གཙོ་བོ་ས་གནས་ཀྱི་དཀའ་ངལ་ཡོད་པའི་མི་སྣར་བསམ་བློ་བཏང་ནས་ས་གནས་ཀྱི་དབུལ་ཕོངས་ཁྱིམ་ཚང་གི་ལས་ཞུགས་གནད་དོན་ཐག་གཅོད་བྱས་ཡོད།   ཅི་ནུས་ཀྱིས་ཞལ་འདེབས་བྱེད་སྒོའི་ནང་ཞུགས་ཀྱི་ཡོད་པས་སྔ་ཕྱིར2013ལོའི་དབུལ་སྐྱོར་སྔོན་ཐོན་ཚོགས་པ་དང་གཅེས་སེམས་ཡོད་པའི་ཁེ་ལས་ཀྱི་མཚན་སྙན་ཡང་ཐོབ་ཡོད།