ལྷ་ཕུའི་འབྲས་ཡིའུ་པང་པང་ཞེས་པའི་ལས་སྟེགས་ཐོག་ཕྱིར་འཚོང་བ།

རྩོམ་པ་པོ།   དབྱང་ཧུང་ཁྲེན།  ཡིག་བསྒྱུར།       དུས་ཚོད།   2017-05-24   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

      སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་5པའི་ཚེས་16ཉིན་ནས་ཚེས་17ཉིན་བར།ཡིའུ་པང་པང་ཞེས་པའི་ལས་སྟེགས་ཐོག་ལྷ་ཕུའི་འབྲས་རྒྱ་མ་ཁྲི་ཕྲག་ཕྱིར་འཚོང་སྟ།འབའ་ལུང་རྫོང་མཐའ་ཆུ་གྲོང་རྡལ་གྱི་གློག་ཚོང་+དབུལ་སྐྱོར་ཞེས་པའི་ལས་འགོ་ཚུགས་པ་རེད།

      མཐའ་ཆུ་གྲོང་རྡལ་ནས་ཤིང་འབྲས་པན་ལི་དང་སྟར་ཀ འབྲས་སོགས་ས་གནས་ཀྱི་ཁྱད་ལྡན་ཐོན་རྫས་འབོར་ཆེན་ཐོན་ཡོད།འོན་ཀྱང་ཕྱིར་འཚོང་བའི་ཐབས་ལམ་ཉུང་བས།ཐོན་རྫས་དེ་དག་ཚོང་རར་འདོན་དཀའ་བ་དང་།མང་ཚོགས་ཀྱིས་ཡོང་སྒོ་མཐོ་པོ་བླངས་མི་ཐུབ་པ་རེད།

      མཐའ་ཆུ་གྲོང་རྡལ་གྱིས་གྲོང་ཚོ་འགན་གཙང་ལེན་བྱེད་པའི་ལས་ཁུངས་འབའ་ལུང་རྫོང་སྦྲག་སྲིད་ཅུས་ཀྱིས་ཤུགས་ཆེན་གྱིས་རོགས་སྐྱོར་འོག ཡིའུ་པང་པང་ཞེས་པའི་གློག་རྡུལ་ཚོང་དོན་གྱི་དྲ་ཐོག་ཉོ་སྒྲུབ་ལས་སྟེགས་བཙུགས་ནས།ས་གནས་ཀྱི་ཁྱད་ལྡན་ཐོན་རྫས་ཕྱིར་འཚོང་ཞིང་།མང་ཚོགས་ཀྱི་ཡོང་སྤར་ཐབས་ལམ་རྒྱ་ཆེ་རུ་སྐྱེད་པ་རེད།