རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-05-26   རྩོམ་ཁུངས།    མི་དམངས་དྲ་བ།
ད་ལོའི་ཟླ་4པར། སི་ཁྲོན་ཞིང་ཆེན་སྲིད་གཞུང་གི་གཞུང་ལས་ཐིང་གིས་《2017ལོའི་བོད་ཁུལ་གྱི་དམངས་འཚོའི་ལས་གཞིའི་འཆའ་གཞི་དྲུག་གི་སྤྱི་ཡོངས་ཀྱི་ལས་སྒྲུབ་ཇུས་གཞི་》(གཤམ་དུ་བསྡུས་ཏེ་《ཇུས་གཞི་》ཟེར་རྒྱུ་ཡིན་)དང་། དབུལ་སྐྱོར་དཀའ་སེལ་བྱ་སྤྱོད་སྤེལ་རྒྱུ་དང་། ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་ལ་སྐུལ་སྤེལ་གཏོང་རྒྱུ། སློབ་གསོ་འཕེལ་རྒྱས་དར་སྤེལ་གཏོང་རྒྱུ། སྨན་བཅོས་འཕྲོད་བསྟེན་མཐོར་འདེགས་གཏོང་རྒྱུ། རིག་གནས་དར་རྒྱས་གོང་འཕེལ་གཏོང་རྒྱུ། བོད་ཁུལ་དུ་སྡོད་ཁུལ་གསར་པ་འཛུགས་སྐྲུན་བྱ་རྒྱུ་བཅས་ལག་བསྟར་ཇུས་གཞི་6དཔར་འགྲེམས་བྱས་པ་རེད། སྔོན་དཔག་བྱས་ན། ད་ལོར་དམངས་འཚོའི་ལས་གཞི་ཁག་ལ་མ་དངུལ་ཧ་ལམ་སྒོར་དུང་ཕྱུར་66.69གཏོང་རྒྱུ་རེད།
《ཇུས་གཞི་》ལ་གཞིགས་ན། བོད་ཁུལ་གྱི་དམངས་འཚོའི་ལས་གཞིའི་འཆར་གཞི་དྲུག་གི་ནང་དུ་དབུལ་སྒྲོལ་འགག་སྒྲོལ"དོན་ཆེན་ཨང་དང་པོ"འདི་སྔར་ལས་འབུར་ཐོན་དུ་བཏོན་པ་མ་ཟད། བོད་ཁུལ་གྱི་དམངས་འཚོའི་ལས་གཞིའི་འཆར་གཞི་དྲུག་ནང་གི་དབུལ་སྒྲོལ་དཀའ་སེལ་བྱ་སྤྱོད་འཆར་གཞི་ནི་བོད་ཁུལ་གྲོང་གསེབ་ཀྱི་དབུལ་སྐྱོར་བྱ་ཡུལ་མི་གྲངས་ཁྲི་8.32ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱ་རྒྱུ་དང་། དབུལ་པོའི་ཞིང་འབྲོག་མང་ཚོགས་ཁྲི་1.65ས་གནས་གཞན་དུ་དབུལ་སྐྱོར་གནས་སྤོ་བཀོད་སྒྲིག་དང་ཡིག་ཚགས་དང་གཱ་བཟོ་རྒྱུ་གཙོ་གནད་དུ་བཟུང་སྟེ་རོགས་སྐྱོར་བྱ་རྒྱུ་རེད།