མིའི་རིགས་ཀྱིས་འཚོ་བཅུད་ཀྱི་ཕན་ནུས་གསར་པ་རྙེད་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-06-13   རྩོམ་ཁུངས།    མཚོ་སྔོན་བོད་ཡིག་གསར་འགྱུར།

        ཚང་མས་ཤེས་གསལ་ལྟར་ན།འཚོ་བཅུད་ནི་མི་ལ་ཕན་པ་མང་པོ་ལྡན་པ་ཞིག་རེད།དཔེར་ན་ཀླད་རྩ་ཐོར་པའི་སྨྱོ་ནད་དང་རུས་སོབ་ནད་སོགས་ལྟ་བུ་ལ་ཕན་པ་ཡོད།ཉེ་ཆར་ཞིབ་འཇུག་བྱས་པ་ལྟར་ན་འཚོ་བཅུད་ད་དུང་སྐྲན་ནད་འགོག་བཅོས་ལ་ཡང་ཕན་པར་བཤད།

        འཚོ་བཅུདAཡིས་རྩམ་ལོང་གི་འབྲས་སྐྲན་ལ་སྨན་བཅོས་བྱེད་ཐུབ།སུའེ་ཙེར་གྱི་རྒྱལ་ཕྲན་མཉམ་འབྲེལ་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པ་སློབ་གླིང་གིས་ཉེ་ཆར་ཞིབ་འཇུག་བྱས་ནས་ཤེས་པ་ལྟར་ན།འཚོ་བཅུདAརིགས་ཀྱི་འདྲེས་སྦྱོར་དངོས་རྫས་ཀྱིས་འབྲས་སྐྲན་གྱི་ཕྲ་ཕུང་གསོད་ཐུབ་པ་དང་། ནད་བསྐྱར་འབྱུང་དང་སྤོ་སྒྱུར་བྱེད་པ་ཡང་སྔོན་འགོག་བྱེད་ཐུབ་ཟེར།

        འཚོ་བཅུདCཡིས་གཞང་དཀར་ནག་གི་འབྲས་སྐྲན་ཇེ་སྡུག་ཏུ་འགྲོ་བ་འགོག་ཐུབ།ཨ་མེ་རི་ཁའི་ཁང་ནེར་སློབ་ཆེན་གྱིས་ཞིབ་འཇུག་བྱས་ནས་ཤེས་པ་ལྟར་ན།སྨན་ཚད་མང་བའི་འཚོ་བཅུདCཡིས་བྱི་བའི་ལུས་ཕུང་ནང་གི་གཞང་དཀར་ནག་གི་འབྲས་སྐྲན་ནུས་ལྡན་དུ་འགོག་ཐུབ་པས།ཞིབ་འཇུག་དེ་ལྟར་ན་ཞིབ་འཇུག་པས་འཚོ་བཅུདCབཀོལ་ན་དམིགས་བསལ་རིགས་ཀྱི་གཞང་དཀར་ནག་གི་འབྲས་སྐྲན་སྨན་བཅོས་བྱེད་ཐུབ་པར་འདོད།འཚོ་བཅུདCཡིས་ད་དུང་རྒྱུན་དུ་དུ་བ་འཐེན་པའི་སྐྱེས་པ་དང་དུ་བ་མི་འཐེན་པའི་བུད་མེད་ལ་གློ་བའི་འབྲས་སྐྲན་འབྱུང་བའི་ཉེན་ཁ་འགོག་ཐུབ་པར་བཤད། དུས་མཉམ་དུ་ལ་སེར་བཅུདBདང་ལ་སེར་བཅུདa།ཀྲོ་མ་ཀྲུ་སོགས་ལ་ཡང་ནུས་པ་འདི་རིགས་ཡོད་ཟེར།

        འཚོ་བཅུདDཡིས་རྒྱུན་ལྡན་གྱི་ནུ་མའི་ཕྲ་ཕུང་འཚར་སྐྱེ་ལ་སྐུལ་སྤེལ་བྱེད་ཐུབ་པ་དང་།ནུ་མའི་འབྲས་སྐྲན་གྱི་ཕྲ་ཕུང་སླར་སྐྱེས་འབྱུང་བ་འགོག་པ་དང་གསོད་ཐུབ་པས།འཚོ་བཅུདDཡིས་ནུ་མའི་འབྲས་སྐྲན་བྱུང་བའི་ནད་པའི་ཚེ་སྲོག་ཇེ་རིང་དུ་གཏོང་ཐུབ།འཚོ་བཅུདDཡི་ཡོང་ཁུངས་ནི་ཉི་མར་ལྡེ་བ་དང་ཚིལ་མང་བའི་ཉ་དང་།འཚོ་བཅུད་ཁ་གསབ་སྨན།སྒོ་ངའི་སེར་རིལ། འབྲུ་རིགས་སོགས་ཡིན།