རྩོམ་པ་པོ།   ཚེ་དཔལ།  ཡིག་བསྒྱུར།       དུས་ཚོད།   2017-06-28   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
《གངས་རིན་པོ་ཆེ་》ཞེས་པའི་གློག་བརྙན་འདི་ནི་རྒྱ་རིགས་ཀྲང་དབྱང་གིས་འཁྲབ་ཁྲིད་གནང་ཞིང་། ཉི་མ་དགྲ་འདུལ་དང་། ཡར་འཕེལ། ཚེ་རིང་ཆོས་སྒྲོན། བཟོད་པ་རྒྱ་མཚོ་བཅས་ཀྱིས་གཙོ་འཁྲབ་བྱས་པ་རེད། གློག་བརྙན་གྱི་ནང་དོན་ནི་ཕུ་ལ་སྡེ་བའི་སྡེ་མི་ཉི་མ་དགྲ་འདུལ་གྱིས་རང་གི་ཕ་འདས་རྗེས། ཕའི་བསམ་འདུན་འགྲུབ་པའི་ཆེད་དུ། རང་གི་ཨ་ཁུ་འཁྲིད་ནས་སྟོད་ཉི་མ་ལྷ་ས་དང་གནས་ཆེན་གངས་རིན་པོ་ཆེ་མཇལ་བར་བསྐྱོད་ཅིང་། ལོ་དེ་ནི་རྟ་ལོ་ཡིན་པ་དང་གནས་ཆེན་གངས་རིན་པོ་ཆེ་མཇལ་དུས་སྐབས་དང་ཁེལ་ཡོད་སྟབས། སྡེ་བའི་ནང་གི་མི་མང་པོ་ཞིག་ཉི་མ་དགྲ་འདུལ་གྱི་གནས་མཇལ་ཚོགས་པར་ཞུགས་འདོད་ཡོད་པ་རེད། གནས་མཇལ་ཚོགས་པའི་ནང་དུ་སྦྲུམ་མ་དང་ཤན་པ་ཡོད་ལ། ཆུང་དུས་ནས་རྐང་ལག་ཞ་བོ་ཡིན་པའི་ན་ཆུང་ཡང་ཡོད་པ་རེད། མི་ཚང་མར་རང་ཉིད་ཀྱི་གཏམ་རྒྱུད་མི་གཅིག་པ་རེ་ཡོད་ལ། དེ་དག་ལ་རང་ཉིད་ཀྱི་རེ་བ་རེ་རེའང་ཡོད་པ་རེད། གངས་རིན་པོ་ཆེ་མཇལ་དུ་བསྐྱོད་ཆེད། མི་བཅུ་གཅིག་ལས་གྲུབ་པའི་ཚོགས་པ་འདི་ལམ་བར་དུ་ལོ་གཅིག་འགོར་ཡོད་ཅིང་། གནས་མཇལ་ལམ་ཐག་ནི་སྤྱི་ལེ་2000ལྷག་ཙམ་ཡོད་པ་རེད།