༄༅།།མགོ་ལོག་ཁུལ་དགའ་བདེ་རྫོང་གིས་གེ་སར་མེ་ཏོག་མཆོད་པའི་འགྲེམས་སྟོན་ཁང་དང་

རྩོམ་པ་པོ།   མཁའ་འགྲོ།  ཡིག་བསྒྱུར།       དུས་ཚོད།   2017-06-28   རྩོམ་ཁུངས།    མི་དམངས་དྲ་བ།

        མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་གི་རིང་ཚད་སྨི་52དང་མཐོ་ཚད་2.8ཟིན་པའི་གླིང་སྒྲུང་གི་སྐོར་བཀོད་པའི་མེ་ཏོག་མཆོད་པ་དེ་ཧང་སངས་དགོས་པ་ཞིག་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། འདི་ནི་མིག་སྔའི་བར་གེ་སར་གྱི་མེ་ཏོག་མཆོད་པའི་འགྲེམས་སྟོན་ཁང་དང་པོ་དེ་ཡིན་ལ། མཚོ་སྔོན་ཞིང་ཆེན་གྱི་མེ་ཏོག་མཆོད་པར་བརྟེན་ནས་གླིང་སྒྲུང་གི་རིག་གནས་མངོན་པའི་རྒྱུན་འཛིན་རྟེན་གཞི་དང་པོ་དེའང་ཡིན། འགྲེམས་སྟོན་ཁང་མིག་སྔར་མཛེས་བཟོ་བྱེད་བཞིན་ཡོད་པས་འདི་ལོའི་ནང་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱུ་རེད།
        དགའ་བདེ་རྫོང་རིག་གནས་ལུས་རྩལ་དང་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཅུས་ཀྱི་ཅུས་ཀྲང་བསོད་ནམས་སྟོབས་རྒྱལ་གྱིས་གླིང་སྒྲུང་གི་རིག་གནས་དེ་བས་ལེགས་པའི་སྒོ་ནས་རྒྱུན་འཛིན་བྱ་ཆེད། 2014ལོར་དགའ་བདེ་རྫོང་སྲིད་གཞུང་གིས་ད་ཡོད་ཀྱི“བཤད་ཚར་རྒྱུ་མེད་པའི་གླིང་སྒྲུང་”དང་། “བྲིས་ཚར་རྒྱུ་མེད་པའི་གླིང་སྒྲུང་། ”“རི་མོར་བཀོད་ཚར་རྒྱུ་མེད་པའི་གླིང་སྒྲུང”བཅས་ཀྱི་རྨང་གཞིའི་ཐོག“བརྐོས་ཚར་རྒྱུ་མེད་པའི་གླིང་སྒྲུང”དེ་ལག་ལེན་དུ་བསྟར་ཡོད། ལོ་དེར་དགའ་བདེ་རྫོང་གིས་སྒོར་ཁྲི་196བཏང་ནས་གེ་སར་རིག་གནས་ཀྱི་མེ་ཏོག་མཆོད་པའི་འགྲེམས་སྟོན་ཁང་བསྐྲུན་པ་དང་འབྲེལ་གེ་སར་བརྐོས་བརྙན་རིག་གནས་རྒྱུན་འཛིན་རྟེན་གཞིར་གཏན་འཁེལ་ཡང་བྱས་ཡོད། མེ་ཏོག་མཆོད་པ་བཞེངས་པའི་སྲོལ་རྒྱུན་ལག་ཤེས་དེ་སྔར་བས་རྒྱུན་འཛིན་བྱ་ཆེད་སྒོར་ཁྲི་122བཏང་ནས་དགའ་བདེ་རྫོང་གི་ཤང་དྲུག་དང་གྲོང་རྡལ་གཅིག་ནས་མེ་ཏོག་མཆོད་པ་བཞེངས་རྩལ་བྱང་ཆུབ་པའི་སྒྱུ་རྩལ་པ་གདན་དྲངས་ཏེ་བརྐོས་བརྙན་བཞེངས་པའི་ལས་དོན་དང་བརྐོས་བརྙན་སྒྱུ་རྩལ་ཞིབ་འཇུག་གསར་སྤེལ་བྱས་ཡོད། སླད་ཕྱིན་ཡུལ་དེ་ནི་དགའ་བདེ་རྫོང་གིས་གཙོ་གནད་ཐོག་གཏོད་པའི་གེ་སར་རིག་གནས་གཅིག་སྡུད་འགྲེམས་སྟོན་ཁུལ་དུ་འགྱུར་རྒྱུ་རེད་ལ། དགའ་བདེས་ཡུལ་སྐོར་རིག་གནས་ཐོན་ལས་འཕེལ་རྒྱས་གཏོང་བའི་འདེགས་སྐྱོར་གལ་ཆེན་ཞིག་ཏུའང་འགྱུར་རྒྱུ་རེད་ཅེས་བཤད་པ་རེད།