རྒྱལ་ནང་དུ་མཐོང་དཀོན་པའི་དུས་རབས17པའི་ཐང་གའི“ཚད་ལྡན་བསླབ་གཞི”བསྐྱར་དུ་སྒྲིག་བཞིན་ཡོད་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-07-26   རྩོམ་ཁུངས།    མི་དམངས་དྲ་བ།

      རྒྱལ་ནང་དུ་མཐོང་དཀོན་པའི་བོད་ཀྱི་དུས་རབས17པའི་རི་མོའི་ཆ་ཚད་ཚད་གཞིའི་ཚད་ལྡན་དཔེ་གཞི་《བོད་བརྒྱུད་ཆ་ཚད་དཔེ་ཆ》བསྐྱར་དུ་སྒྲིག་བཞིན་ཡོད་པ་རེད།

      ཟླ3གོང་དུ་དབྱང་ཏན་ཁྲུན་དང་། བཀྲ་ཤིས་རྟ་མགྲིན། བཀྲ་ཤིས་རྣམ་རྒྱལ་སོགས་ཆེད་དུ་ཐང་ག་སྦྱངས་མྱོང་བའི་ནུབ་བྱང་མི་རིགས་སློབ་ཆེན་མཛེས་རྩལ་སློབ་གླིང་གི་དགེ་རྒན་གྱིས་བོད་བརྒྱུད་རི་མོའི་སྒྱུ་རྩལ་འདུ་འགོད་དེ་དུས་རབས17པའི་ཐང་གའི་དཔེ་མཚོན་བརྩམས་ཆོས《བོད་བརྒྱུད་ཆ་ཚད་དཔེ་ཆ》བསྐྱར་སྒྲིག་བྱེད་འགོ་བཙུགས་ཡོད་པ་རེད།

      ཐང་གར་དམིགས་བསལ་གྱི་འབྲི་རྩལ་དང་ཕུན་སུམ་ཚོགས་པའི་བོད་མི་རིགས་རིག་གནས་ཀྱི་ནང་དོན་ལྡན་པས་ཀྲུང་ཧྭ་མི་རིགས་ཀྱི་འོད་སྟོང་འཕྲོ་བའི་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་ཞིག་ཏུ་གྲུབ་ཡོད།

      《བོད་བརྒྱུད་ཆ་ཚད་དཔེ་ཆ》དེ་བོད་ཀྱི་རི་མོའི་སྒྱུ་རྩལ་གྱི་རྩེར་སོན་དུས་སྐབས་སུ་བྱུང་བ་དང་། ཐང་གའི་སྒྱུ་རྩལ་མཁས་ཅན་བློ་བཀྲ་བསྟན་འཛིན་ནོར་བུས་གསར་རྩོམ་བྱས་པ་ཞིག་རེད། བློ་བཀྲ་བསྟན་འཛིན་ནོར་བུ་ནི་སྤྱི་ལོའི་དུས་རབས17པའི་དུས་མཇུག་ནས་དུས་རབས18བར་བོད་དུ་ཤུགས་རྐྱེན་ཆེན་པོ་ལྡན་པའི་སྨན་ཐང་ལུགས་ཀྱི་ཚབ་མཚོན་མི་སྣ་ཞིག་རེད། དེ་སྔ་ཕོ་བྲང་པོ་ཏ་ལའི་ཕོ་བྲང་དམར་པོའི་ཚོན་རིས་བཟོ་བཀོད་ཀྱི་སྤྱི་ཁྱབ་ཇུས་འགོད་ཆེ་མོ་བའི་འགན་འཁུར་བ་དང་ཆབས་ཅིག“དབུ་ཆེན”(རྩེ་རིམ་སྒྱུ་རྩལ་མཁས་ཅན)གྱི་གོ་མིང་ཐོབ་ཡོད།

      དཔེ་ཆ་དེའི་བསྐྱར་བཟོའི་ལས་དོན་ཟླ3ཙམ་བསྒྲུབས་པ་དང་དུས་སང་གི་ལོ་སྟོད་དུ་ལེགས་སྒྲུབ་ཐུབ་རྒྱུ་རེད། སྐབས་དེར་བརྩམས་ཆོས་དེ་དཔེ་སྐྲུན་དང་འགྲེམས་སྤེལ་བྱས་ནས་རིག་གཞུང་ཞིབ་འཇུག་དང་སྒྱུ་རྩལ་གསར་གཏོད་པར་དཔྱད་གཞི་བཟང་པོ་ཞིག་མཁོ་འདོན་བྱ་རྒྱུ་རེད།