ད་ལོའི་ལོ་སྟོད་དུ་བོད་ལྗོངས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར555.41ལ་སླེབས་ཏེ་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོ་ཟིན།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-07-31   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བ།

        ད་ལོའི་ལོ་སྟོད་དུ།བོད་ལྗོངས་ཀྱི་དཔལ་འབྱོར་བརྟན་རླིང་ཁྲོད་གོང་འཕེལ་བྱུང་ཡོད་ཅིང་།སྤྱིའི་ཆ་ནས་བལྟས་ན་ཅུང་མགྱོགས་མྱུར་ངང་འཕར་སྣོན་བྱུང་བའི་རྣམ་པ་རྒྱུན་འཁྱོངས་བྱས་ཡོད།ཐོན་ལས་གསུམ་པ་ཡར་ངོའི་ཟླ་བཞིན་གོང་དུ་འཕེལ་བ་དེ་བོད་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྟོབས་ཤུགས་གཙོ་བོ་རུ་གྱུར་ཡོད།གསར་འགོད་པས་རྒྱས་ལོན་པ་ལྟར་ན།ད་ལོའི་ལོ་སྟོད་དུ་བོད་ལྗོངས་ཀྱིས་སྒྲིག་གཞི་ཅན་གྱི་དཔྱ་ཁྲལ་ཆག་ཡང་དུ་གཏོང་བའི་སྲིད་ཇུས་ལག་བསྟར་བྱས་པའི་སྔོན་འགྲོ་ཆ་རྐྱེན་འོགཡོང་སྒོ་འཕར་བའི་ཐབས་ལམ་རྒྱ་བསྐྱེད་པར་འབད་བརྩོན་བྱས་ཏེ།ནོར་སྲིད་ཡོང་སྒོ་ལ་འཕར་སྣོན་ཆེན་པོ་བྱུང་ཞིང་།དཔལ་འབྱོར་གྱི་འཕེལ་རྒྱས་ལ་འགན་སྲུང་ནུས་ལྡན་བྱས་ཡོད།

        ལོ་སྟོད་དུ་བོད་ལྗོངས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར555.41ལ་སླེབས་ཤིང་།འགྱུར་མེད་རིན་གོང་ལྟར་རྩིས་ན10.8%འཕར་ཡོད་དེ།འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོ་ཟིན།གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་བའི་རིན་ཐང14.1%འཕར་སྣོན་བྱུང་ཞིང་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོ་ཟིན། གཏན་འཇགས་རྒྱུ་ནོར་ཐད་ཀྱི་དངུལ་གཏོང་སྒོར་དུང་ཕྱུར657.22ལེགས་འགྲུབ་བྱས་ཤིང20.6%འཕར་ཡོད་ལ་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོ་ཟིན།སྤྱི་ཚོགས་འཛད་སྤྱོད་ཐོན་རྫས་སིལ་ཚོང་སྤྱི་འབོར་སྒོར་དུང་ཕྱུར240.05ལེགས་འགྲུབ་བྱས་ཤིང14.2%འཕར་ཡོད་དེ།འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོ་ཟིན།གྲོང་རྡལ་སྡོད་དམངས་མི་རེའི་ཆ་སྙོམས་སུ་སྤྱོད་ཆོག་པའི་ཡོང་སྒོ་སྒོར15292ལ་སླེབས་པ་དང10.0%འཕར་ནས་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོ་ཟིན།སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང1.8%འཕར་བ་དང་། འཕར་ཚད་བརྟན་རླིང་ཡིན་པ་རེད།