རྩོམ་པ་པོ།   ལིན་པོ།  ཡིག་བསྒྱུར།       དུས་ཚོད།   2017-08-03   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཁུན་ཡིང་གྲོང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གིས་ལོ་ངོ་མང་པོའི་རང་དུ་བདེ་ཆེན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ་བ་དང་།དེ་བས་ལེགས་པོའི་ངང་ནས་ཁུན་མིང་གྲོང་ཁྱེར་ལ་བདེ་ཆེན་གྱི་མཛེས་ལྗོངས་དང་མི་རིགས་རིག་གནས།ཡུལ་སྐོར་ཐོན་ཁུངས་བཅས་འགྲེམ་སྟོན་བྱེད་ཆེད།ཟླ་7པའི་ཚེས་29ཉིན་ནས་ཚེས་ཚེས་30ཉིན་བར།ཀྲུང་གུང་ཁུན་མིང་གྲོང་ཨུ་དང་གྲོང་ཁྱེར་མི་དམངས་སྲིད་གཞུང་།ཀྲུང་གུང་བདེ་ཆེན་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་དུ་སྒྲུབ་གཉེར་བྱས་པའི་འཛམ་གླིང་གི་སེམས་ཀྱི་ཉི་ཟླ་ཞེས་པའི་བདེ་ཆེན་གྱི་སྤུས་ལེགས་མི་རིགས་གླུ་གར་འགྲེམ་འཁྲབ་དང་ཡུལ་སྐོར་འགྲེམ་འཚོང་མཚམས་སྦྱོར་བྱེད་སྒོ་དེ་ཁུན་ཡིང་དུ་བསྡུས་པ་རེད།
འགྲེམ་འཚོང་མཚམས་སྦྱོར་བྱེད་སྒོའི་ཐོག ཁུལ་གླུ་གར་ཚོགས་ཁག་དང་ཡུལ་སྐོར་འཕེལ་རྒྱས་ཨུས་ཕུན་སུམ་ཚོགས་པའི་བདེ་ཆེན་གྱི་ཁྱད་ལྡན་གླུ་གར་འཁྲབ་སྟོན་དང་ཡུལ་སྐོར་འགྲེམ་འཚོང་མཚམས་སྦྱོར་གྲ་སྒྲིག་བྱས་ཡོད་པ་དང་།སོ་སོར་ཝུའུ་ཧྭ་དང་ཕང་ལུང་།ཀོན་ཏུའུ།ཞི་ཧྲན་སོགས་ཆུས་བཞི་རུ་རིག་གནས་ཡུལ་སྐོར་འགྲེམ་འཚོང་མཚམས་སྦྱོར་བྱེད་སྒོ་བསྡུས་ཏེ།ཁུན་མིང་གྲོང་ཁྱེར་གྱི་མང་ཚོགས་ལ་ངོ་མཚར་ཆེ་བའི་ལྟད་མོ་བསྟན་པ་རེད།དུས་མཚུངས་སུ།ཁུན་མིང་གྲོང་ཁྱེར་གྱི་མང་ཚོགས་ལ་བདེ་ཆེན་གྱི་ཡུལ་སྐོར་མཛེས་ལྗོངས་དང་མི་རིགས་ཡུལ་སྲོལ་ངོ་སྤྲོད་གང་ལེགས་བྱེད་ཆེད།ཁུལ་ཡུལ་སྐོར་འཕེལ་རྒྱས་ཨུས་ད་དུང་བྱ་དགའི་རྒྱན་འཐེན་པ་སོགས་བྱས་ནས་ཡུལ་དངོས་སུ་ཡོད་པའི་མང་ཚོགས་ལ་རིན་ཐང་སྒོར་ཁྲི་20ཙམ་གྱི་བདེ་ཆེན་གྱི་སྤུས་ལེགས་ལྗོངས་ཁུལ་ལྗོངས་གནས་ཀྱི་སྒོ་འཛིན་སྟེར་བ་རེད།