བདེ་ཆེན་གྱི་སྐོར་བྲོ་ཀན་ལྷོའི་རྩྭ་ཐང་སྟེང་བྱ་དགའ་ཐོབ་པ།

རྩོམ་པ་པོ།   པད་མ་ཚེ་རིང་།  ཡིག་བསྒྱུར།       དུས་ཚོད།   2017-08-08   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ་8པའི་ཚེས་6ཉིན་ནས་ཚེས་9ཉིན་བར།ཀྲུང་གོའི་ཀླུ་ཆུའི་སྐབས་དྲུག་པའི་སྐོར་བྲོ་འཁྲབ་སྟོན་དང་སྐབས་དང་པོའི་ཁང་འཁོར་ཡུལ་སྐོར་གྱི་ཚོགས་ཆེན་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་དུ་བསྡུས་པ།ཡུན་ནན་དང་སི་ཁྲོན།མཚོ་སྔོན།ཀན་སུའུ་བཅས་ཀྱི་བོད་རིགས་སྐོར་བྲོའི་འཐུས་ཚབ་རུ་ཁག་27དེར་ཞུགས་ཡོད།

    ཡུན་ནན་ཞིང་ཆེན་འཇོལ་རྫོང་གི་ཀོང་རྩེད་ར་སྐོར་བྲོའི་འཐུས་ཚབ་རུ་ཁག་དང་སེམས་ཀྱི་ཉི་ཟླའི་མྱི་ཟུར་སྐོར་བྲོའི་འཐུས་ཚབ་རུ་ཁག་གཉིས་བྱེད་སྒོར་ཞུགས་ནས།བདེ་ཆེན་གྱི་ངོ་མཚར་ཆེ་བའི་སྐོར་བྲོ་ཀན་ལྷོའི་རྩྭ་ཐང་དུ་འཁྲབ་སྟོན་བྱས་པ་དང་།རྒྱལ་ཡོངས་བོད་ཁུལ་གྱི་ལས་སྟེགས་ཐོག་འགྲེམ་སྟོན་བྱས་པ་རེད།

 


 


མྱི་ཟུར་སྐོར་བྲོའི་འཐུས་ཚབ་རུ་ཁག་གིས་སྐོར་བྲོ་འཁྲབ་བཞིན་པ།


    དུས་ཡུན་ཉིན་3རིང་གི་འགྲན་བསྡུར་བྱས་ནས།སེམས་ཀྱི་ཉི་ཟླའི་མྱི་ཟུར་སྐོར་བྲོའི་འཐུས་ཚབ་རུ་ཁག་གིས་སྐར་མ་9.82བླངས་པ་དང་སྲོལ་རྒྱུན་སྐོར་བྲོའི་བྱ་དགའ་བླངས་པ།

 



འཇོལ་རྫོང་ཀོང་རྩེད་རའི་དམངས་ཁྲོད་སྐོར་བྲོའི་རུ་ཁག་གིས་སྐོར་བྲོ་འཁྲབ་བཞིན་པ།


    འཇོལ་རྫོང་ཀོང་རྩེད་རའི་དམངས་ཁྲོད་སྐོར་བྲོའི་རུ་ཁག་གིས་སྐར་མ་9.70བླངས་པ་དང་སྐར་མའི་བྱ་དགའ་བླངས་པ་རེད།

    བདེ་ཆེན་གྱི་སྐོར་བྲོ་ནི་2006ལོའི་ཟླ་5པའི་ཚེས་20ཉིན་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འབོར་ཐེངས་དང་པོའི་རྒྱལ་ཁབ་རིམ་པའི་དངོས་མིན་རིག་གནས་ཀྱི་ཤུལ་རྫལ་མིང་ཐོར་བཀོད་པའི་ཆོག་མཆན་སྤྲད་པ་རེད།

    བདེ་ཆེན་བོད་རིགས་ཀྱི་སྐོར་བྲོ་ནི་འཇོལ་རྫོང་ཀོང་རྩེད་ར་གྲོང་རྡལ་དང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ།ཡང་ཐང་གྲོང་རྡལ།གཏེར་མ་རོང་ཤང་།སྐད་ཚགས་ཤང་།ལུའོ་ཅི་ཤང་མྱི་ཟུར་བཅས་ལ་དར་ཁྱབ་ཆེ་ཞིང་ཆེས་ཚབ་མཚོན་རང་བཞིན་ལྡན་པ་རེད།

  

མྱི་ཟུར་སྐོར་བྲོའི་འཐུས་ཚབ་རུ་ཁག་གི་འཁྲབ་སྟོན་པས་གསར་འགོད་པའི་བཅར་འདྲི་དང་ལེན་བྱས་ནས།ཕྱི་ཕྱོགས་ལ་བདེ་ཆེན་གྱི་སྐོར་བྲོའི་རིག་གནས་བཤད་པ།