རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-08-10   རྩོམ་ཁུངས།    མི་དམངས་དྲ་བ།
ཟླ་8ཚེས་7ཉིན། བོད་ལྗོངས་འཕེལ་རྒྱས་ལ་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་དང་། པེ་ཅིང་ཐུང་རིང་ཀྲང་ཞའོ་ལོའུ་མིག་ནད་ཚན་ཁག་སྤྱི་ཕན་ཐེབས་རྩ་ལྷན་ཚོགས"གཞིས་ཀ་རྩེར་སྤྱི་ཕན་སྒྲུབ་པར་སྐྱོད"ཅེས་པའི་ཞལ་འདེབས་འབུལ་བའི་མཛད་སྒོ་བཀྲ་ཤིས་ལྷུན་པོ་དགོན་དུ་འཚོགས་ཤིང་། མཛད་སྒོའི་ཐོག་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་བོད་ལྗོངས་འཕེལ་རྒྱལ་ལ་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་ཀྱི་ལས་འཛིན་འགོ་གཙོ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་བཤགས་བཅོས་བྱས་རྗེས་ཀྱི་ལིང་གྲིབ་ཕོག་པའི་ནད་པར་མིག་འཐུམ་སེང་རས་བླངས་པ་དང་། མིག་སྲུང་མིག་ཤེལ་གནང་བ་མ་ཟད་གཞིས་ཀ་རྩེ་གྲོང་ཁྱེར་གྱི་སློབ་མ་ཚོར་མིག་གཅེས་ཚན་རིག་ཁྱབ་གདལ་དཔེ་དེབ་ཀྱང་གནང་བ་རེད།
པཎ་ཆེན་མཆོག་གིས་ནད་པའི་མིག་འཐུམ་སེང་རས་ལེན་བཞིན་པ།