རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-08-16   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།
ཚེས་12ཉིན“ཁྲུང་ཁྲུང་སྐེ་ནག་ལ་དགའ·2017ལོའི་ལྟ་སྐྱོང་འཆར་གཞིའི”དུས་མཚམས་གཉིས་པ—“ཁྲུང་ཁྲུང་འཇིང་ནག་ལ་སྲུང་སྐྱོང་བྱེད་པའི་ཆེད་དོན་བགྲོ་གླེང་ཚོགས་འདུ”ལྷ་སར་འཚོགས་པ་དང་།ལས་རིགས་ཁག་ནས་ཡོང་བའི་རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས་ཁྲུང་ཁྲུང་འཇིང་ནག་གི་འཚོ་བོའི་གོམས་གཤིས་དང་།གནས་སྤོས་ལམ་ཐིགསྲུང་སྐྱོང་ཇི་ལྟར་བྱེད་དགོས་པ་སོགས་ཀྱི་ཐད་སོ་སོའི་བསམ་འཆར་ལྷུག་པོར་གླེང་བ་རེད།
མིག་སྔར་འཛམ་གླིང་ཐོག་ཁྲུང་ཁྲུང་རིགས་15ཡོད་པ་དེའི་ནང་ཁྲུང་ཁྲུང་འཇིང་ནག་ནི་ཤེས་རྟོགས་ཕྱི་ཤོས་ཀྱི་རིགས་ཤིག་ཡིན།ཁྲུང་ཁྲུང་འཇིང་ནག་ནི་གོ་ལའི་སྟེང་གི་ས་མཐོའི་ཐོག་འཚོ་གནས་བྱེད་མཁན་གྱི་ཁྲུང་ཁྲུང་རིགས་འབའ་ཞིག་དེ་ཡིན་ལ།ཧ་ཅང་རྩ་ཆེའི་འདབ་ཆགས་ཀྱི་རིགས་ཤིག་ཀྱང་ཡིན།ཤེས་རྟོགས་བྱུང་བར་གཞིགས་ན།“ཁྲུང་ཁྲུང་འཇིང་ནག་ལ་དགའ·2017ལོའི་ལྟ་སྐྱོང་འཆར་གཞི”ནི་འདི་ལོ་བོད་ལྗོངས་སྨྱན་སྦྱོར་ཚོགས་པ་དང་ཨ་ལི་པ་པ་ཉིན་ལྟར་དྲང་ནུས་ཀྱིས་ཐུན་མོང་ཐོག་གཉེར་བ་དང་།བྱེད་སྒོའི་དམིགས་ཡུལ་ནི་སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་བྱེད་སྒོའི་ནང་ཧུར་ཐག་ཞུགས་རྒྱུར་སྐུལ་སློང་བྱས་ཏེ་ཐུན་མོང་ཐོག་བོད་ཀྱི་འདབ་ཆགས་རིགས་ལ་དགའ་ཞེན་དང་སྲུང་སྐྱོང་བྱེད་པའི་རྣམ་པ་བཟང་པོ་ཞིག་གཏོད་རྒྱུ་དེ་རེད།འདི་ལོའི་ཟླ་4པར“ཁྲུང་ཁྲུང་འཇིང་ནག་ལ་དགའ·2017ལོའི་ལྟ་སྐྱོང་འཆར་གཞིའི”འཕྲིན་སྤེལ་ཚོགས་ཆུང་གིས་དུས་ཡུན་ཉིན་བདུན་རླངས་འཁོར་བཏང་ནས་བར་ཐག་སྤྱི་ལེ་300ལྷག་ཡོད་པའི་ཁྲུང་ཁྲུང་འཇིང་ནག་གི་གནས་སྤོས་ལམ་ཐིག་དེད་ནས་ཁྲུང་ཁྲུང་འཇིང་ནག་ལ་མཐིལ་རྟོགས་བརྟག་དཔྱད་བྱེད་པའི་ལས་དོན་བདེ་བླག་ངང་ལེགས་གྲུབ་བྱས་ཡོད།འདི་ལོའི་ཟླ་7པར“ཁྲུང་ཁྲུང་འཇིང་ནག་ལ་དགའ·2017ལོའི་ལྟ་སྐྱོང་འཆར་གཞིའི”འཕྲིན་སྤེལ་ཚོགས་ཆུང་སླར་ཡང་བོད་བྱང་ཐང་གི་རྩྭ་ཐང་ཐོག་བསྐྱོད་ནས་ཡི་གེ་དང་།པར་རིས།བརྙན་རིས་བཅས་ཀྱི་ཐོག་ནས་ཁྲུང་ཁྲུང་འཇིང་ནག་གིས་བྱ་ཕྲུག་སྐྱེ་བའི་བརྒྱུད་རིམ་བཀོད་དེ་རྒྱ་ཆེའི་ཀློག་པོར་ཁྲུང་ཁྲུང་འཇིང་ནག་གི་མ་བུའི་འཚོ་བ་མངོན་པར་བྱས་པ་རེད།