ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པས་མོང་གོལ་རྒྱལ་ཁབ་ལ་འཚམས་འདྲི་བྱས་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-08-18   རྩོམ་ཁུངས།    མི་དམངས་དྲ་བ།


    ཟླ་8ཚེས་14ཉིན་ནས་ཚེས་15ཉིན་བར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གསར་འགྱུར་གཞུང་ལས་ཁང་གིས་མངག་གཏོང་བྱས་པའི་ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པས་མོང་གོལ་རྒྱལ་ཁབ་ལ་འཚམས་འདྲི་བྱས་པ་རེད། ཚོགས་པ་འདི་ནི་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཆོས་ལུགས་ཞིབ་འཇུག་ཁང་གི་འགོ་འཛིན་ཀྲུའུ་ཝེ་ཡིས་ཚོགས་གཙོའི་འགན་ཁུར་བ་དང་། ཚོགས་མི་ནི་པེ་ཅིང་དང་བོད་ལྗོངས་ནས་ཡིན་པའི་བོད་རིག་པ་དང་བོད་ཀྱི་གསོ་བ་རིག་པའི་ཆེད་མཁས་པ་དང་། བོད་རིགས་ལས་བྱེད་པ། སྤྲུལ་སྐུ་སོགས་ལས་གྲུབ་པ་རེད།

    སྤེལ་རེས་ཚོགས་པས་མོང་གོལ་ལ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་དུ་མོང་གོལ་གྱི་རྒྱལ་བཙུགས་སློབ་གྲྭ་ཆེན་མོ་དང་། རྒྱལ་སྤྱིའི་གནད་དོན་ཞིབ་འཇུག་ཁང་། བོད་རིག་པ་ཞིབ་འཇུག་གླིང་། རྒྱལ་ཁབ་དཔེ་མཛོད་ཁང་། རྒྱལ་ཁབ་གསར་འགྱུར་ཁང་སོགས་ཀྱི་རིག་མཛོད་དང་སྨྱན་སྦྱོར་ལས་ཁུངས་ཀྱི་རིག་པ་བ་གྲགས་ཅན་དང་གསར་འགོད་པ་ཚོ་དང་བཞུགས་མོལ་བྱས་ཤིང་། བཞུགས་མོལ་ཚོགས་རའི་གནས་ཚུལ་སྤྲོ་སེམས་འཕེལ་ཞིང་མཛའ་མཐུན་ཆེ་བས་ཁེངས་ཡོད་པ་རེད། སྤེལ་རེས་ཚོགས་པས་རང་གི་མཐོང་ཐོས་དྲན་རེག་བཤད་དེ་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། དམངས་འཚོ་ལེགས་བཅོས། ཕྱི་ཕྱོགས་ལ་སྒོ་འབྱེད། བོད་བརྒྱུད་ནང་བསྟན་ཀྱི་སྤྲུལ་སྐུ་ངོས་འཛིན་སྟངས་སོགས་ཐད་ཀྱི་གནས་ཚུལ་ངོ་སྤྲོད་བྱས་པ་དང་། ཕ་རོལ་ཕྱོགས་ཀྱིས་སེམས་ཁུར་བྱེད་པའི་བོད་འབྲེལ་གནད་དོན་ལ་ལན་བཏབ་པ་རེད། ཕྱོགས་གཉིས་ཀས་ཀྲུང་གོ་དང་མོང་གོལ་རྒྱལ་ཁབ་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་ཆུ་ཚད་དང་འཚམས་པའི་བོད་འབྲེལ་རིག་གནས་དང་། རིག་གཞུང་། ཆོས་ལུགས་བཅས་ཀྱི་སྤེལ་རེས་སྔར་ལས་ལྷག་པར་བྱ་རྒྱུའི་སྐོར་ཞིབ་དཔྱད་གཏིང་ཟབ་པོ་བྱས་ནས་ངོས་འཛིན་གཅིག་མཐུན་མང་པོ་བྱུང་བ་རེད།

    སྤེལ་རེས་ཚོགས་པ་མོང་གོལ་རྒྱལ་ཁབ་ཀྱི་རྒྱལ་ས་ཨུ་ལན་དཔའ་ཐུལ་དུ་མོང་གོལ་གྱི་སྙན་གྲགས་ཆེ་བའི་དགོན་པ་བཀྲ་ཤིས་ཆོས་གླིང་(bkra Cis chos gliG)དང་སྨན་པ་ད་ཚང་དགོན་དུ་(曼巴达仓寺)འཚམས་འདྲི་བྱས་པ་དང་། དགོན་པ་གཉིས་ཀྱི་དགོན་བདག་དང་བླ་མ་སྐྱེས་ཆེན་ཚོས་སྤྲོ་སེམས་འཁོལ་བའི་ངང་སྣེ་ལེན་བྱས་པ་རེད། སྤེལ་རེས་ཚོགས་པས་མོང་གོལ་རྒྱལ་ཁབ་ཀྱི་དགེ་འདུན་པ་སྔར་ལས་མང་བ་ཀྲུང་གོའི་བོད་ལྗོངས་སུ་ཆོས་ཞུ་བ་དང་གནས་མཇལ་བ། ཡུལ་སྐོར་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་པ་དང་། སྤེལ་རེས་ཚོགས་པ་ད་དུང་པེ་ཅིང་གི་དགའ་ལྡན་བྱིན་ཆགས་གླིང་གིས་ཞལ་འདེབས་ཕུལ་ནས་རྒྱལ་བའི་སྐུ་བཞེངས་བཞིན་པའི་ཡུལ་དངོས་སུ་ཕྱིན་ནས་རྒྱལ་ཁབ་གཉིས་ཀྱི་ཆོས་ལུགས་ལས་རིགས་ཀྱིས་དམངས་སེམས་ཕན་ཚུན་འབྲེལ་བར་སྐུལ་སྤེལ་གཏོང་བའི་ཐད་འབད་བརྩོན་ཆེན་པོ་བྱས་ཚུལ་དངོས་སུ་མྱོང་ཚོར་བྱས་པ་རེད།