འབའ་ལུང་རྫོང་གིས་ཁུལ་སྟོན་བསུ་བའི་བྱེད་སྒོ་རབ་དང་རིམ་པ་བསྡུས་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-08-24   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

    དུས་ཡུན་ཉིན་9རིང་གི་འབའ་ལུང་རྫོང་2017ལོའི་“ཁུལ་སྟོན་བསུ་བའི་ཁམས་བདེ་གཙང་གསུམ་བུམ་པའི” རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཛ་དྲག་ངང་བསྡུས་ལ། འཐུས་མིའི་རུ་ཁག་16ནས་དཔའ་ཉམས་དོད་པོའི་ངང་ནས་འགྲན་བསྡུར་དུ་ཞུགས།

    ད་ལོའི་ཚུན་དུ། འབའ་ལུང་རྫོང་གིས་སྣ་མང་ཕུན་སུམ་ཚོགས་དང་། ཁྱད་ཆོས་མངོན་གསལ་དོད་པའི་ལུས་རྩལ་གྱི་བྱེད་སྒོ་རབ་དང་རིམ་པ་སྒྲིག་འཛུགས་བྱས་ཏེ། བདེ་ཆེན་ཁུལ་དབུ་བརྙེས་ནས་ལོ་འཁོར་60ལོན་པའི་ཁུལ་སྟོན་བསུ་བ་རེད།

    འདི་ལོའི་ཟླ་3པར།འབའ་ལུང་རྫོང་གིས་ཡུན་ནན་ཞིང་ཆེན་སྐབས་བཅུ་གཉིས་པའི་(འབའ་ལུང་)སྣ་མའི་མེ་ཏོག་དངོས་མང་སྟོན་ཚོགས་གཉེར་པ་དང་། སྣ་མའི་མེ་ཏོག་རིག་གནས་སྔར་བས་དར་སྤེལ་བཏང་ནས་“ཀྲུང་གོའི་ལོ་མ་ཕྲ་བའི་ལན་པན་ལན་མེ་ཏོག་གི་འབྱུང་གནས་—འབའ་ལུང་”གི་མཚན་སྙན་གྲགས་མཐོ་རུ་བཏང་བ་རེད།

    ཟླ5པར་ཁུལ་སྟོན་བསུ་བའི་ཐང་ཆེན་ཞབས་བྲོའི་འགྲན་བསྡུར་བསྡུས་ལ། ཁྱོན་བསྡོམས་པའོ་ཧོ་གྲོང་རྡལ་གྱི་གྲོང་ཚོ་ཁག་དང་། སྡེ་ཁུལ་གྱི་འཐུས་མི་རུ་ཁག་11རུ་མི་700 ལྷག་ཙམ་ཞུགས་ཡོད་པ་རེད། 

    ཟླ6པར་འབའ་ལུང་རྫོང་གི་དཔེ་མཛོད་ཁང་གིས་“དཔེ་ཆའི་དྲི་བསུང་ཕྱོགས་བཞིར་འཐུལ”ཞེས་པའི་བྱེད་སྒོ་རབ་དང་རིམ་པ་བསྡུས་ནས། སྐབས་བཞི་པའི་“དཔེ་ཀློག་བུམ་པའི་”སློབ་གྲྭ་འབྲིང་ཆུང་གི་སློབ་མའི་རྩོམ་ཡིག་འགྲན་སྡུར་བདེ་བླག་ངང་བསྡུས་པ་དང་།  2017ལོའི་”ཁུལ་སྟོན་བསུ་•དྲུག་གཅིག་བསུ་”བའི་གཞོན་ནུ་ལོ་ཆུང་གིས་གཏམ་རྒྱུད་བཤད་པའི་འགྲན་བསྡུར་བསྡུས།

    ཟླ་7པར། འབའ་ལུང་རྫོང་གིས་ཐོག་མའི“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོ་”དེ་མངོན་མིན་རིག་གནས་ཤུལ་བཞག་གི་ཤེས་བྱ་སློབ་གྲྭར་ཁྱབ་པར་བྱེད་པའི་བྱེད་སྒོ་དྲིལ་བསྒྲགས་འགྲེམས་སྟོན་རབ་དང་རིམ་པ་བསྡུས་ལ། སྔ་རྗེས་སུ་ཡེ་ཀྲི་ལྟེ་བའི་ཆ་ཚང་སློབ་ཆུང་དང་མཐའ་ཆུའི་ལྟེ་བའི་ཆ་ཚང་སློབ་ཆུང་། ཕན་ཐེ་སྒང་ལྟེ་བའི་ཆ་ཚང་སློབ་ཆུང་སོགས་སུ་དངོས་མིན་རིག་དངོས་ཤུལ་བཞག་གི་འཐུས་ཚབ་རྣམ་གྲངས་ཨ་ཁྲི་མུའུ་ཀྭ་དང་ཝ་ཆི་ཆི་སོགས་སྤེལ་བ་མ་ཟད། རོལ་མོ་དང་ཡི་གེ་ཡིས་ཡུལ་དངོས་སུ་སློབ་ཁྲིད་ཀྱི་རྣམ་པ་སྤྱད་དེ།སློབ་ར་འདི་ཉིད་རིག་གནས་ཤུལ་བཞག་སྲུང་སྐྱོང་རྒྱུན་འཛིན་གྱི་གལ་ཆེའི་དོ་ར་ཞིག་ཏུ་གྱུར་བར་བྱས་ཏེ་སློབ་གྲྭའི་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་རེད།

    མིག་སྔར། བདེ་ཆེན་•འབའ་ལུང་སྐབས་གཉིས་པའི་“གཙང་གསུམ་ལྟེ་བ་”གངས་ལུང་རིན་ཆེན་མཛེས་ལྗོངས་ཁུལ་རྐང་ཐང་དུ་འགྲོ་བའི་འགྲན་སློང་འགྲན་བསྡུར་བྱེད་སྒོ་གྲ་སྒྲིག་བྱེད་བཞིན་པའི་སྒང་ཡིན་ལ། ཟླ8པའི་ཟླ་མཇུག་ནས་ཟླ9པའི་ཚེས10ཉིན་བར་དུ་ལེགས་གྲུབ་བྱེད་རྒྱུའི་འཆར་གཞི་བཀོད་ནས་ཁུལ་སྟོན་ལ་ལེགས་སྐྱེས་སུ་འབུལ་རྩིས་ཡོད་པ་རེད། རྐང་ཐང་དུ་འགྲོ་བའི་འགྲན་སློང་འགྲན་བསྡུར་ལམ་ཐག་ཧྲིལ་པོར་སྤྱི་ལེ་28.6ཡོད་པ་དང་། འགོ་འཛུགས་སའི་མཐོ་ཚད་ལ་རྒྱ་མཚོའི་ངོས་ལས་སྨི་2270ཡོད་ལ།ས་བབ་མཐོ་ཤོས་སྨི་3450ཡོད། མིག་སྔར་ཕྱི་རོལ་རྐང་ཐང་ལ་དགའ་བའི་དཔུང་ཁག་40བྱེད་སྒོར་ཞུགས་རྒྱུའི་མིང་ཐོ་འགོད་ཟིན།

    གླུ་གར་ཆེ་གྲས་《བདེ་ཆེན་ལ་བསྟོད་པ་》དུས་ཚོད་དམ་འཛིན་གྱིས་ནང་སྦྱོང་བྱེད་བཞིན་ཡོད་པ་རེད། ཟླ་8ཚེས་1ཉིན་ནས་བཟུང་། འབའ་ལུང་རྫོང་གི་འཁྲབ་སྟོན་པ་240ནས་བསྒོངས་འདུག་པ་དང་། ད་ལྟ་རྩ་བའི་ཆར་ཁོང་དུ་ཆུད་ཡོད། འབའ་ལུང་རྫོང་གིས་2016ལོའི་ལོ་མཇུག་ནས་མཛེས་སྡུག་ལྡན་པའི་འབའ་ལུང་ཞེས་པའི་ཆེད་བསྒྲིགས་པར་འགྲེམས་ལ་གྲ་སྒྲིག་བྱེད་བཞིན་ཡོད་པ་དང་།   མིག་སྔའི་བར་དུ། གླུ་དབྱངས12ཀྱིའཚོལ་བསྡུ་དང་། རི་ཐང་པར་ལེན། བརྙན་འབེབས་སོགས་བྱས་ཟིན་པས། དངོས་སུ་པར་སྐྲུན་འགྲེམས་སྤེལ་བྱེད་པར་གྲ་སྒྲིག་བྱེད་བཞིན་ཡོད།