བདེ་ཆེན་གྱི་མི་རིགས་སོ་སོའི་གནམ་དཔྱད་སྐར་རྩིས་བྱེད་སྟངས།

རྩོམ་པ་པོ།   ཚེ་རིང་།  ཡིག་བསྒྱུར།       དུས་ཚོད།   2017-08-29   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

 བོད་མི་རིགས་ཀྱིས་སྤྱི་ལོ་སྔོན་གྱི་ལོ100ལྷག་གི་དུས་སུ་བོན་གྱི་སྐར་རྩིས་རིག་པ་ལག་ལེན་དུ་བཏབ་ཡོད། སྐབས་དེའི་མི་རྣམས་ཀྱིས་ཟླ་བ་ཁ་གང་མིན་སོགས་ལ་གཞིགས་ནས་ལོ་དང་ཟླ་བ་ཕྱེ།   ཡོན་རྒྱལ་རབས་ཀྱི་སྐབས་སུ་བོད་ཀྱི་སྐར་རྩིས་རིག་པ་ལྷག་ཏུ་འཐུས་ཚང་ཅན་དུ་གྱུར་ཡོད།  བདེ་ཆེན་ས་ཆའི་དགོན་པ་དང་བོད་རིགས་འདུས་སྡོད་བྱེད་སའི་ཡུལ་མི་རྣམས་ཀྱིས་བོད་ལུགས་བརྩི་བཞིན་ཡོད།   ད་དུང་ས་ཆ་ལ་ལར་བོད་ཀྱི་དམངས་ཁྲོད་དུ་དར་ཁྱབ་ཆེ་བའི་ངག་ཐོག་གི་ལོ་ཟླ་བརྩི་སྲོལ་ཞིག་ཀྱང་ཡོད།  ལོ་རྒྱུས་ཐོག་བདེ་ཆེན་ཡུལ་དུ་སྐར་རྩིས་རིག་པ་གྲགས་ཅན་སྐོར་ཞིག་བྱུང་ཡོད་ཅིང་།   དེ་དག་གི་ནང་ནས་གཏེར་མ་རོང་གི་བསོད་ནམས་ཚེ་རིང་ཞེས་པའི་ཨ་ཞང་དང་གཅེན་མོའི་བུ་གཉིས་ནི་མིང་གྲགས་ཤིན་ཏུ་ཆེ་ལ།   གསར་རྩོམ་གནང་བའི་བོད་ལུགས་ལི་ཐོས་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་ཡོད་པ་རེད།   
 ལི་སུའུ་རིགས་ཀྱི་རང་བྱུང་ལི་ཐོ་བརྩི་ཐབས།  ལི་སུའུ་མི་རིགས་ཀྱིས་དུས་ཡུན་ཤིན་ཏུ་རིང་བའི་ཐོན་སྐྱེད་འཚོ་བའི་ཁྲོད་དུ་ནང་དོན་ཕུན་སུམ་ཚོགས་པའི་རང་བྱུང་གི་ལི་ཐོ་བརྩི་ཐབས་སྐོར་གྱི་ཤེས་བྱ་གསོག་འཇོག་བྱས་ཡོད།   མི་རྣམས་ཀྱིས་མེ་ཏོག་གི་ཁ་ཕྱེས་པ་དང་།   རི་བྱ་གྲགས་དུས།   ཁ་བ་འབབ་པའི་དུས།   རླུང་འཚུབ་གཡུག་པ་དང་ཆར་ཞོད་འབབ་པ་སོགས་རང་བྱུང་སྣང་ཚུལ་གྱི་འགྱུར་ལྡོག་ཆོས་ཉིད་ལ་གཞིགས་ནས།   བེད་ཆོད་ཅིང་ནུས་པ་ཐོན་པའི་རང་བྱུང་གི་ལི་ཐོ་བརྩི་ཐབས་ཤིག་ཕྱོགས་བསྡོམས་བྱས་ནས་གྲུབ་ཡོད།   
 འཇང་རིགས་ཀྱི་ལི་ཐོ་བརྩི་ཐབས།   འཇང་རིགས་གི་གཏོ་པའི་ཆོས་ལ་དད་མཁན་ཚོས་རང་ས་གནས་ཀྱི་ནམ་ཟླ་དང་མི་རིགས་ཀྱི་གོམས་གཤིས་སོགས་དངོས་ཡོད་གནས་ཚུལ་ལ་གཞིགས་ནས།   བོད་དང་རྒྱ་རིགས་ཀྱི་ལི་ཐོ་བརྩི་ཐབས་ཀྱི་རྨང་གཞིའི་སྟེང་རང་ཉིད་ཀྱི་ལི་ཐོ་བརྩི་ཐབས་ཤིག་ཆགས་ཡོད་པ་རེད།   གཏོ་པའི་ཆོས་གཞུང་ལས་སྐར་རྩིས་སྐོར་གྱི་ཤེས་བྱར་གཞིགས་ཏེ་དཀར་རྩིས་དང་ནག་རྩིས།  སྤར་ཁ་སོགས་ཀྱི་རྩིས་བྱེད་སྲོལ་ཡོད་པ་རེད།   
 དབྱི་རིགས་ཀྱི་ལི་ཐོ་བརྩི་ཐབས།   ལོ་རྒྱུས་ཐོག་དབྱི་རིགས་ས་ཁུལ་དུ་ཟླ་བཅུ་བའི་ཉི་མའི་ལི་ཐོ་བརྩི་ཐབས་ཞེས་པ་ཞིག་ཡོད་པ་དེ་དར་ཁྱབ་ཆེ་ཞིང་།   ད་ལྟའི་དུས་སུ་བདེ་ཆེན་མངའ་ཁོངས་ནང་གི་དབྱི་རིགས་ཀྱི་ལི་ཐོ་བརྩི་སྟངས་དེ་ནི་རྒྱ་རིགས་ཀྱི་ལུགས་རྙིང་ལི་ཐོ་བརྩི་སྲོལ་དང་གཅིག་པར་སྣང་མོད།    ལོ་རྟགས་བཅུ་གཉིས་ཀྱིས་ལོ་དང་ཟླ་བ་བརྩི་བ་དང་།   ཟླ་བའི་འཕེལ་འགྲིབ་ལ་བརྟེན་ནས་ཉིན་མ་བརྩི་བའི་སྲོལ་སོགས་ནི་ལུགས་རྙིང་བརྩི་སྲོལ་དང་གཅིག་མཐུན་མིན།  
 མི་རིགས་སོ་སོ་ལ་རང་ཉིད་ཀྱི་དད་པ་བྱེད་ཡུལ་དང་གོམས་སྲོལ།  འཇིག་རྟེན་ལྟ་ཚུལ་སོགས་སྣང་ཚུལ་དང་འགྲོ་ལུགས་མི་འདྲ་བ་རེ་རེ་ཡོད་ཅིང་།   འཚོ་སྡོད་བྱེད་སའི་ཁོར་ཡུག་མི་འདྲ་བ་སོགས་རྐྱེན་གང་མང་གི་དབང་གིས་ལི་ཐོ་བརྩི་སྲོལ་སོགས་ཀྱང་གཅིག་མཐུན་མིན་པ་བྱུང་ཡོད།