རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-08-30   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
དེ་སྔའི་བདེ་ཆེན་གྱི་ཁུལ་དཔོན་བསོད་ནམས་རྒྱལ་མཚན།
1937ལོར་བསོད་ནམས་རྒྱལ་མཚན་བདེ་ཆེན་ཁུལ་རྒྱལ་ཐང་རྫོང་སྐད་ཚགས་ཤང་དུ་སྐྱེད་བ།བསོན་ནམས་རྒྱལ་མཚན་1953ལོའི་ལོ་འགོར་རྒྱལ་ཐང་རྫོང་གི་མི་རིགས་རྐང་འཛིན་རུ་ཁག་ཏུ་ཞུགས་པ།1956ལོའི་ཟླ་6པར།ཀྲུང་གོའི་གུང་ཁྲན་རིང་ལུགས་ཀྱི་གཞོན་ནུ་ཚོགས་པར་ཞུགས་པ་དང་།ལོ་དེའི་ཟླ་12པར་ཀྲུང་གོའི་གུང་ཁྲན་ཏང་དུ་ཞུགས་པ་རེད།
1986ལོའི་ཟླ་11པར།བདེ་ཆེན་ཁུལ་གྱིས་སྐབས་བདུན་པའི་མི་རིགས་སྲིད་གཞུང་གིས་སྐབས་བརྗེའི་འདེམས་བསྐོ་བྱས་ནས།བསོད་ནམས་རྒྱལ་མཚན་ནི་མི་དམངས་འཐུས་མིས་ཁུལ་དཔོན་དུ་འདེམས་སྒྲུག་བྱེད་པ་རེད།
1989ལོའི་ཟླ་1པོར་འབྲི་ཆུའི་ཆི་ཁྲུན་ཟམ་ཆེན་གྱི་ལས་འགོ་ཚུགས་པའི་མཛད་སྒོར་ཞུགས་པ།
དུས་རབས་20པའི་ལོ་རབས་80ཡི་དུས་ནི་ཀྲུང་གོ་ཡིས་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ལེགས་བཅོས་དུས་སྐབས་གཙོ་བོ་ཞིག་ཡིན་ཏེ།བདེ་ཆེན་ཁུལ་གྱི་དཔལ་འབྱོལ་འཕེལ་རྒྱས་ལ་གནོད་པ་བྱུང་བས།ཁུལ་སྲིད་གཞུང་གི་འགོ་ཁྲིད་ཚོ་ཆུང་གིས་གཅིག་ནས་དུས་རབས་ཀྱི་འཕེལ་རྒྱས་དང་བསྟུན་ནས།ཐོན་སྐྱེད་ནུས་ཤུགས་ཚད་གཞིའི་གྲོས་གླིང་བྱས་ཏེ།རིམ་པ་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་བློ་གཅིག་གྱུར་གཏོང་བ་དང་ལས་དོན་སོ་སོར་འཕེལ་རྒྱས་བྱུང་བ་ལ་སྐུལ་འདེད་གཏོང་བ་རེད།
གཉིས་ནས་རྒྱལ་དམངས་དཔལ་འབྱོར་འོས་འཚམ་གྱིས་འཕར་ཏེ།དཔལ་འབྱོར་ནུས་ཤུགས་ཆེ་རུ་གཏོང་བ།1990ལོར་རྒྱལ་དམངས་ཀྱི་སྤྱིའི་ཐོན་སྐྱེད་རིང་ཐང་སྒོར་དུང་ཕྱུར་2.7ཟིན་པ།1985ལོ་ལས་སྒོར་དུང་ཕྱུར་1.36འཕར་བ།རྒྱལ་དམངས་ཀྱི་ཡོང་འབབ་སྒོར་དུང་ཕྱུར་2.1ཟིན་པ།1985ལོ་ལས་1.15འཕར་བ།ཞིང་ལས་རྒྱུན་མཐུད་ཀྱི་ལོ་2ནི་རྒྱ་མ་དུང་ཕྱུར་2ལས་བརྒལ་བས།རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཟེངས་བསྟོད་ཐོབ་པ་རེད།
གསུམ་ནས་བསྒྱུར་བཅོས་སྒོ་འབྱེད་རྒྱུན་འཁྱོངས་བྱས་ནས།དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།ལོ་ལྔ་ཚན་བདུན་པའི་སྐབས་ཁུལ་ཡོངས་ཀྱི་ཞིང་ལས་དང་བཟོ་ལས་ཀྱི་བསྡུར་ཚད་1985ལོའི་73.3﹕26.7ནས་1990ལོའི་71.6﹕28.40རུ་གྱུར་བ།གཏན་འཇགས་རྒྱུ་ནོར་གྱི་དངུལ་འཇོག་ལོ་ལྔ་ཚན་དྲུག་པ་ལས་སྒོར་དུང་ཕྱུར་1.12འཕར་བ།1990ལོར།ཁུལ་ཡོངས་ཀྱི་ས་གནས་ནོར་སྲིད་ཀྱི་ཡོང་འབབ་སྒོར་ཁྲི་3187ཟིན་པ་དང་1985ལོ་ལས་སྒོར་ཁྲི་2695འཕར་བ་རེད།
མི་དམངས་འཐུས་མིའི་ཚོགས་ཆེན་ཐོག་སྲིད་གཞུང་ལས་ཀའི་སྙན་སེང་ཞུས་པ།
བཞི་ནས་སྤྱི་ཚོགས་བརྟན་རླིང་ལ་འགན་སྲུང་བྱས་ནས།མི་རིགས་མཐུན་སྒྲིལ་དང་འཆམ་མཐུན་ལ་སྐུལ་འདེད་དང་།“ལོ་ལྔ་ཚན་བདུན་པའི་”སྐབས་སུ།ནན་ཏན་གྱིས་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱས་པ་དང་།ཧུར་བརྩོན་དང་རང་འགུལ་གྱིས་ཆོས་ལུགས་ལས་རིགས་ཀྱི་ལས་ཀ་ལེགས་པོ་སྒྲུབ་པ་དང་།གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་གསོ་སྐྱོང་དང་བཀོལ་སྤྱོད་བྱས་པ་རེད།ལོ་གང་མང་རིང་གསོ་སྐྱོང་དང་བཞེས་འགན་འཁུར་བ་བརྒྱུད།“ལོ་ལྔ་ཚན་བདུན་པའི་”སྐབས་སུ་རང་སྐྱོང་ཁུལ་གྱི་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པའི་བསྡུར་ཚད་དེ་ཁུལ་ཡོངས་སྤྱིའི་ལས་བྱེད་པའི་བསྡོམས་འབོར་གྱི་80%ཟིན་པ་དང་།ལྷག་པར་དུ་བོད་རིགས་ལས་བྱེད་པ་དེ་སྤྱིའི་བསྡོམས་འབོར་གྱི་30%ཟིན་པ་རེད།
ཁྲུང་ཅང་ཧོ་ཆུ་བོའི་གློག་འདོན་ས་ཚིགས་ཀྱི་འཛུགས་སྐྲུན་མཇུག་སྒྲིལ་ཞིང་གློག་འདོན་བྱེད་འགོ་ཚུགས་པ།
ལྔ་ནས་དབུལ་སྐྱོར་ལས་ཀ་ནན་གྱིས་བཟུང་ནས་མི་དམངས་ཀྱི་འཚོ་བ་ཇེ་ལེགས་སུ་བཏང་བ།ལོ་5རིང་ཁྱོན་བསྡོམས་མི་61274ཡི་ལྟོ་གོས་ཀྱི་གནད་དོན་ཐག་གཅོད་བྱས་པ།དབུལ་ཕོངས་ཀྱི་རྒྱ་ཁྱོན་དེ་1986ལོའི་ཤང་གྲོང་སྤྱིའི་མི་གྲངས་ཀྱི་52.3%ནས་28%ལ་ཆག་པས།བརྒྱ་ཆའི་24.3མར་ཆག་པ་རེད།1990ལོར་ཞིང་བའི་མི་རེའི་ཆ་སྙོམས་ཀྱི་ཡོང་འབབ་ནི་སྒོར་294ཡིན་པ་དེ་1985ལོའི་སྒོར་221ལས་སྒོར་73འཕར་ཡོད་པ་རེད།
“ལོ་ལྔ་ཚན་བདུན་པའི་”སྐབས་སུ།ལོ་རན་བྱིས་པའི་སློབ་ཞུགས་ཚད་85%ཟིན་པ་དང་།ཆེད་ཚན་དང་འབྲིང་རིམ་ཆེད་ལས་སློབ་གྲྭའི་སློབ་ཐོན་སློབ་མ་2691གསོ་སྐྱོང་བྱས་ཡོད།ཁུལ་ཡོངས་སུ་ཁྱོན་བསྡོམས་གཙོ་གནད་ཚན་ཞིབ་དང་ཚན་རྩལ་རྣམ་གྲངས37ལེགས་གྲུབ་བྱུང་ནས།ཤང་གྲོང་དུ་ཞིང་ལས་ལག་རྩལ་མི་སྣ་མི་ཐེངས2784གསོ་སྦྱོང་བྱས་པ་རེད།ཁུལ་ཡོངས་ཀྱི་བརྙན་འཕྲིན་དང་རྒྱང་བསྒྲགས་ཐད་མ་དངུལ་གཏོང་སྒོར་ཁྲི་160ལྷག་གཏོང་བ་དང་།བརྙན་འཕྲིན་གྱི་ཁྱབ་ཚད་ནི་སྤྱིའི་མི་འབོར་གྱི་44%ཟིན་པ་རེད།
1988ལོའི་ཟླ་9པར་རྒྱལ་ཐང་རྫོང་གི་ཧྲང་ཅང་ཤང་དུ་ཞིབ་དཔྱད་གནང་བ།
དྲུག་ནས་དམངས་གཙོ་དང་ཁྲིམས་ལུགས་འཛུགས་སྐྲུན་ལ་ཤུགས་བསྣན་ནས།བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ།“ལོ་ལྔ་ཚན་བདུན་པའི”་སྐབས་སུ།བདེ་ཆེན་ཁུལ་མི་དམངས་སྲིད་གཞུང་གིས་གོང་རིམ་གྱི་འབྲེལ་ཡོད་སྲིད་ཇུས་དང་།ཁྲིམས་ལུགས།ཁྲིམས་སྲོལ་ལག་བསྟར་བྱས་ནས།ནན་ཏན་གྱིས་《བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་རང་སྐྱོང་སྲོལ་ཡིག》དང་《འབའ་ལུང་ལི་སུའུ་རང་སྐྱོང་རྫོང་རང་སྐྱོང་སྲོལ་ཡིག》དེ་མིན་ཁུལ་དམངས་ཆེན་དང་རྒྱུན་ལས་ཨུ་ཚོགས་ཀྱི་ཆོད་དོན་དང་གྲོས་ཆོད་ལག་བསྟར་དོན་འཁྱོལ་བྱས་པ་རེད།ཁུལ་ཡོངས་ཀྱི་མི་220931ཁྲིམས་ལུགས་ཁྱབ་གདལ་གྱི་སློབ་སྦྱོང་ལ་ཞུགས་ཡོད་པ་རེད།
1991ལོའི་ཟླ་11པར།པེ་ཅིང་མི་རིགས་རིག་གནས་ཁང་དུ་བསྡུས་པའི་བདེ་ཆེན་བོད་རིགས་རིག་གནས་འགྲིམ་སྟོན་ཐོག་ཤིས་ཚིག་གསུང་བ།
བསོད་ནམས་རྒྱལ་མཚན་གྱིས་ཁོང་གིས་སྐབས་གསར་བ་འགའི་ཏང་ཨུའི་སྲིད་གཞུང་ལ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་བསམ་ཕྱོགས་དང་འབད་བརྩོན་གྱི་དམིགས་འབེན་གསལ་བོ་ཡོད་པས།ཁོང་གིས་བདེ་ཆེན་འདི་ཉིད་སྐབས་གསར་བའི་ཏང་ཨུའི་སྲིད་གཞུང་གི་འགོ་ཁྲིད་འོག་དཔལ་འབྱོར་མགྱོགས་མྱུར་གྱིས་འཕེལ་རྒྱས་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་ཐོན།མི་རིགས་མཐུན་སྒྲིལ་འཆམ་མཐུན་དང་དམངས་རྣམས་བདེ་ཞིང་སྐྱིད་པའི་མ་འོངས་པ་ཞིག་ཡོད་པར་ཡིད་པར་བརྟན་པོ་ཡོད།རང་སྐྱོང་ཁུལ་གྱི་འཁྲུངས་སྐར་ཐོན་ལ་ཉེ་བའི་སྐབས་འདིར།ང་རང་སྙིང་ཐག་པ་ནས་ཕ་ཡུལ་སྔར་ལས་འབྱོར་ཕྱུག་ལྡན་ཞིང་སྔར་ལས་བདེ་ཞིང་སྐྱིད་པ།ཁུལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་བདེ་སྐྱིད་དཔལ་བ་རོལ་བའི་བཀྲ་ཤིས་སྨོན་འདུན་ཞུ།