རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-08-31   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ8པའི་ཚེས26ཉིན། འབའ་ལུང་དམངས་ཁྲོད་རོལ་མོའི་སྒྱུ་རྩལ་མཐུན་ཚོགས་ཀྱི་སྒོ་བྱང་འགེལ་བ་དང་ཁུལ་སྟོན་བསུ་བའི་དམངས་ཁྲོད་རོལ་མོ་སྒྱུ་རྩལ་འཁྲབ་སྟོན་དེ་འབའ་ལུང་རྫོང་ཟློས་གར་ཁང་དུ་བསྡུས་པ་རེད།
དར་ཚོན་འབྲེག་པའི་མཛད་སྒོ་མཇུག་རྫོགས་རྗེས། འབའ་ལུང་གནའ་བོའི་རོལ་དབྱངས་《ཁྲའོ་ཐེན་ཙི》དང་འབའ་ལུང་གནའ་བོའི་ཞབས་བྲོ《ཙི་ཝེ་པ་ཀྭ》 སྐྱེས་མའི་རྐྱང་གཞས《ཉི་ཁྲི་ལའེ》སོགས་ཀྱིས་ཡུལ་དངོས་ཀྱི་མགྲོན་པོ་རྣམས་ལ་མིག་གི་དགའ་སྟོན་གཟབ་རྒྱས་ཤིག་འབུལ་བ་རེད། དུས་མཚུངས་སུ། རྒན་རྒོན་རྣམས་ཀྱི་ཉམས་འགྱུར་གང་ལེགས་མངོན་པ་མ་ཟད། རྒན་རྒོན་གྱིས་དཔའ་ངར་ཆེར་སྐྱེད་དང་། ཤུགས་བསྐྱེད་མཐུན་སྒྲིལ། འགན་འཁུར་ཕོད་པའི་དུས་རབས་ཀྱི་སྤྱོད་བཟང་གིས་བདེ་ཆེན་ཁུལ་དབུ་བརྙེས་ནས་ལོ་འཁོར་60ལོན་པར་བསུ་བ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། འབའ་ལུང་རྫོང་དམངས་ཁྲོད་རོལ་མོ་སྒྱུ་རྩལ་མཐུན་ཚོགས་ལ་ཁྱོན་བསྡོམས་ཚོགས་མི་32ཡོད་པ་དང་། ལས་འཁྱུར་ངལ་གསོ་མི་སྣ་དང་དེ་བཞིན་གནའ་བོའི་རོལ་དབྱངས་སྒྱུ་རྩལ་ལ་དགའ་པོ་བྱེད་མཁན་ལས་གྲུབ་པ་རེད།