གུའུ་ཁུན་གྱིས་ཁུལ་སྟོན་གྲ་སྒྲིག་ལས་ཀར་བརྟག་དཔྱད་གནང་།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-09-07   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

   ཟླ9པའི་ཚེས4ཉིན་ནས་ཚེས5ཉིན་བར་ཁུལ་ཨུའི་ཧྲུའུ་ཅིའམ་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཀུའུ་ཁུན་གྱིས་འབྲེལ་ཡོད་མི་སྣ་ཁྲིད་དེ་ཕྱོགས་ཡོངས་ནས་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དབུ་བརྙེས་ནས་ལོ་ངོ60འཁོར་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་འགྲེམས་སྟོན་དང་།བདེ་ཆེན་ཁུལ་གྱི་འཆར་འགོད་ཁང་གི་འགྲེམས་སྟོན།མགྲོན་ཁང་གི་མཁོ་སྒྲུབ་སྣེ་ལེན་ཞབས་ཞུ་དང་འགན་སྲུང་ལས་ཀ་སོགས་ཀྱི་གནས་ཚུལ་ཐད་བརྟག་དཔྱད་གནང་བ་རེད།  

   གུའུ་ཁུན་གྱིས་གང་མགྱོགས་སྒོས་རྗེས་མཐུད་འགྲེམས་སྟོན་བཀོད་སྒྲིག་ལས་ཀར་སྐུལ་འདེད་བཏང་ནས་ཚན་པ་སོ་སོའི་ལས་ཀ་ལེགས་པར་སྒྲུབ་དགོས་པ་དང་། ལས་ཀའི་ཕྱོགས་སུ་ཕན་འབྲས་དངོས་ལེན་པར་བརྩོན་ལེན་བྱས་ནས་ཁུལ་ཡོངས་ཀྱི་མི་དམངས་ལ་ཡིད་ཚིམ་པའི་དྲིས་ལན་ཞིག་སྟེར་དགོས་ཅེས་བསྟན་ཡོད།